ཡིད་སེམས་འགུག་པའི་རྒྱབ་གཟུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-15



  གསར་ལམ་ཁག་ནས་རྒྱུས་ལོན་བྱས་པ་ལྟར་ན། ཨ་མེ་རི་ཁའི་གྲོང་ཁྱེར་ཉིག་ཡོག་གི་སྲང་ལམ་ཞིག་ཏུ་ཡིད་སེམས་འགུག་པར་བྱེད་པའི་རྒྱབ་གཟུགས་འདྲ་པར་ཞིག་གིས་མི་མང་པོའི་ནང་སེམས་ལ་བརྩེ་བའི་དྲོད་ཁོལ་སྦྱིན། འདྲ་རིས་དེ་ནི་ཆར་བའི་ཁྲོད་དུ་ཨ་ཕ་ཞིག་གིས་ལག་པ་གཅིག་གིས་གཞུང་ཡིག་ཁུག་མ་བཟུང་ཞིང་། ལག་པ་གཅིག་གིས་ཆར་གདུགས་རང་གི་གམ་གྱི་བུ་ཆུང་ལ་གཏད་ཡོད་ལ། རང་ཉིད་ཀྱི་ལུས་ཧྲིལ་པོ་ཆར་བས་རློན་པ་བྱས་ཡོད་པའི་རྒྱབ་གཟུགས་གཅིག་པུ་མ་གཏོགས་མི་མངོན་པའི་འདྲ་པར་ཞིག་རེད། འདྲ་པར་འདི་ནི་དྲ་གྲོགས་ཤིག་གི་པར་བླངས་རྗེས་དྲ་ལམ་དུ་བཞག་ཅིང་དུས་ཚོད་སྐར་མ་13གྱི་ནང་དུ་འཛམ་གླིང་སྒང་གི་མི་ཁྲི་250ཡི་སེམས་དབང་མེད་དུ་འཕྲོག་པ་དང་མིག་སྔར་པར་འདིའི་བརྡེབས་གྲངས་མུ་མཐུད་དུ་ཡར་འཕར་བཞིན་འདུག

  འདྲ་པར་འདིས་ང་ཚོས་རྒྱབ་རི་ལྟ་བུའི་ཨ་ཕ་ཞིག་གི་བརྩེ་སེམས་ཚོར་ཐུབ་ལ། ཉི་འོད་ལྟ་བུའི་བརྩེ་བ་ཞིག་གི་དྲོད་ཁོལ་མྱོང་ཐུབ། །






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1