ཨ་མེ་རི་ཁས་9·11དོན་རྐྱེན་བྱུང་ཏེ་ལོ་འཁོར་14ལོན་པར་རྗེས་དྲན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-16


  གསར་ལམ་ཁག་ནས་སྤེལ་པའི་གནས་ཚུལ་ལྟར་ན། ཉེ་ལམ་ཨ་རིའི་ཉོའུ་ཡུའེ་གྲོང་ཁྱེར་གྱི་མན་ཧྭ་ཏོན་དུ་རྗེས་དྲན་གྱི་འོད་སྣང་ཞེས་པའི་9·11དོན་རྐྱེན་བྱུང་ནས་ལོ་འཁོར་14ལོན་པའི་རྗེས་དྲན་བྱེད་སྒོ་སྤེལ། དགུང་དུ་ཟུག་པའི་འོད་ཀྱི་ཀ་བ་ལས་འོད་སྣང་ཕྱོགས་བཞིར་འཕྲོས་ཤིང་གནས་འདིར་ཁྱར་མཚར་དང་གཟབ་ནན་གྱི་ཁ་དབུགས་ཤིག་བསྐྲུན།

  དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་ཡོད་པའི་མི་དག་གིས་ཕྱིར་དྲན་བྱས་པ་ལྟར་ན། 9·11དོན་རྐྱེན་བྱུང་རྗེས་གནས་འདི་མི་ཡུལ་གྱི་དམྱལ་ཁམས་སུ་གྱུར་ཞིང་བར་སྣང་དུ་རྡུལ་སྨུག་གིས་བཀང་ཞིང་ཉེ་འཁོར་དག་ངུ་འབོད་དང་ཟུག་རྔུས་ཁེངས། མེ་ཟོན་མི་སྣ་མང་པོ་ཞིག་ཁ་རས་ཀྱང་རྒྱག་ཁོམ་མ་བྱུང་བར་ཉེན་སྐྱོབ་ཀྱི་ལས་ལ་ཞུགས། གཞུང་ཕྱོགས་ནས་བསྒྲགས་པའི་གྲངས་ཀ་ལྟར་ན། སྐབས་དེར་མྱུར་སྐྱོབ་དང་གཙང་སེལ་གྱི་བྱ་བར་ཞུགས་པའི་ལས་བྱེད་མི་སྣ་ལས་3700ལ་སྐྲན་ནད་བྱུང་ཤིང་དེའི་གྲས་ཀྱི་མི་2100མེ་ཟོན་རུ་མི་རེད། ད་ལྟའི་བར་མེ་ཟོན་རུ་མི་110ལ་སྐྲན་ནད་ཕོག་སྟེ་འདས་གྲོངས་སུ་གྱུར།། 



རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1