སྨན་བཅོས་ཆེད་རམས་པ་བོད་ལྗོངས་སུ་ཞབས་ཞུར་ཕེབས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-16


       སྤྱི་ཟླ་9པའི་ཚེས་14ཉིན། གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་གྱི་སྨན་ཁང་དུ། གྲྭ་བཙུན་ཞིག་གིས་ལོ་ན་82ལ་སོན་པའི་མ་ཡུམ་ཁྲིད་ནས་སྨན་པ་ཁྲེན་ཞིའང་ཧའེ་ཡི་མདུན་དུ་ནད་བསྟན་བཞིན་པ། 

       ཉེ་ཆར། ཧྲན་ཏུང་ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་གྱི་ཆེད་རམས་པ་3བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་སླེབས་ཡོད། བརྟག་བཅོས་དང་བདེ་ཐང་བློ་འདྲི་བྱེད་པའི་གྲྭ་པ་དང་མང་ཚོགས་རྒྱུན་མི་ཆད་ཅིང་། ཆེད་རམས་པ་3པོ་ད་དུང་གཞིས་ཀ་རྩེའི་དིང་རི་རྫོང་དང་ས་སྐྱ་རྫོང་སོགས་སུ་སྨན་བཅོས་བྱ་བར་ཕྱིན་ནས། ས་གནས་དེ་གའི་མང་ཚོགས་ལ་སྨན་བཅོས་དང་འཕྲོད་བསྟེན་བློ་འདྲིའི་ཞབས་ཞུ་བསྒྲུབ་རྒྱུ་རེད། 

      སྤྱི་ཟླ་9པའི་ཚེས་14ཉིན། ཧྲན་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གི་སྨན་པ་སུན་ཧྥུང་ལའེ་ཡིས་བཀྲ་ཤིས་ལྷུན་པོ་དགོན་དུ་གྲྭ་བཙུན་ཞིག་ལ་བཟའ་བཏུང་འཕྲོད་བསྟེན་དང་ནད་འགོག་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1