སྐབས་གསུམ་པའི་ཀྲུང་གོའི་(མེན་དབྱང)ཚན་རྩལ་གྲོང་གི་རྒྱལ་སྤྱིའི་ཚན་རྩལ་བཤམ་སྟོན་འདུ་ཚོགས་འཚོག་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


   ལུའུ་ཀྲན་ཀུང་གིས་མཛད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་།

   ཝང་ཏུང་མིང་དང་ཚའོ་ཅན་ལིང་། ཁོ་ཧུའུ་ཐུས་སོ་སོས་ཤིས་ཚིག་ཕུལ་ཞིང་། ཝེ་ཧུང་གིས་གཙོ་སྐྱོང་གནང་།

      སྤྱི་ཟླ་9བའི་ཚེས་17ཉིན། ཚན་རྩལ་གསར་གཏོད་དང་དམག་དམངས་མཉམ་འདྲེས། སྒོ་འབྱེད་མཉམ་ལས་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་གསུམ་པའི་ཀྲུང་གོའི་(མེན་དབྱང)ཚན་རྩལ་གྲོང་གི་རྒྱལ་སྤྱིའི་ཚན་རྩལ་བཤམ་སྟོན་འདུ་ཚོགས་གཟབ་རྒྱས་ངང་འཚོག་འགོ་ཚུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའུ་ཀྲན་ཀུང་གིས་མཛད་སྒོའི་འགོ་ཚུགས་པ་ཁྱབ་བསྒྲགས་གནང་།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝུའེ་ཧུང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་།
      ཝང་ཏུང་མིང་གིས་ཤིས་ཚིག་ནང་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་དུ་ཕེབས་པའི་སྐུ་མགྲོན་རྣམ་པ་དང་གྲོགས་པོ་ལྷན་རྒྱས་ལ་སྙིང་ཐག་པ་ནས་དགའ་བསུ་ཞུས་པ་དང་། ཚན་རྩལ་བཤམ་སྟོན་འདུ་ཚོགས་གཟབ་རྒྱས་ངང་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཝང་ཏུང་མིང་གིས་གསུང་རྒྱུར། ཚན་རྩལ་བཤམ་སྟོན་འདུ་ཚོགས་བདེ་བླག་ངང་ཐེངས་གསུམ་ལ་སྤེལ་བ་དང་། མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། སྐབས་རེ་ལས་སྐབས་རེར་ངོ་མཚར་ཅན་དུ་གྱུར། ཕྱོགས་གཅིག་ནས་མེན་དབྱང་ཚན་རྩལ་གྲོང་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་ཡར་ཐོན་མངོན་པར་མཚོན་པ་དང་། ཉེ་བའི་ལོ་ཤས་རིང་སི་ཁྲོན་གྱི་གསར་གཏོད་སྐུལ་འདེད་གོང་སྤེལ་གྱི་གྲུབ་འབྲས་མཚོན་པ་རེད།
      ཚན་རྩལ་བཤམ་སྟོན་འདུ་ཚོགས་ནི་སི་ཁྲོན་གྱི་འགྲེམ་ཚོགས་ཆེན་པོ་གསུམ་ལས་བྱེ་བྲག་ཅིག་ཡིན་ལ། ད་ལྟའི་བར་དུ་སྐབས་གཉིས་འཚོགས་ཟིན། སྐབས་འདིའི་ཚན་རྩལ་འགྲེམ་ཚོགས་ནི་ཚན་རྩལ་པུའུ་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། ཚན་རྩལ་པུའུ་ཡི་དཔལ་འབར་ལྟེ་གནས་དང་། སི་ཁྲོན་གྱི་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག མེན་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཀྲུང་གོའི་(མེན་དབྱང)ཚན་རྩལ་གྲོང་གི་དོ་དམ་ཨུ་ལྷན་བཅས་ཀྱིས་སྒྲུབ་འགན་ཁུར་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1