ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་དྲན་གསོ་བྱེད་སྒོའི་ཕྱོགས་བསྡོམས་ཚོགས་ཆེན་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


   

        སྤྱི་ཟླ་9པའི་ཚེས་16ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་དྲན་གསོ་བྱེད་སྒོའི་ཕྱོགས་བསྡོམས་ཚོགས་ཆེན་དེ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་དྲན་གསོ་བྱེད་སྒོ་སྤེལ་བའི་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན་དང་ལས་བྱེད་མི་སྣ། འཁྲབ་སྟོན་མི་སྣ། དམག་གཟིགས་ལ་ཞུགས་པའི་དམག་དཔུང་དཔོན་དམག་གི་འཐུས་མི་བཅས་ལ་མཇལ་འཕྲད་གནང་བ་དང་། བདེ་བླག་ངང་དྲན་གསོ་བྱེད་སྒོའི་གྲབས་འཛུགས་ལས་ཀ་སྤེལ་གཉེར་བྱས་པའི་མི་སྣ་ཡོངས་ལ་བཀའ་དྲིན་དང་འཚམ་འདྲི་ཞུས། 

        མིག་སྔར། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་གྲོས་ཚོགས་གཙོ་སྐྱོང་གནང་སྟེ། ཆེད་དུ་དྲན་གསོ་བྱེད་སྒོའི་ཕྱོགས་བསྡོམས་ཚོགས་ཆེན་གྱི་ལས་ཀའི་སྙན་ཞུར་གསན་པ་དང་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་དྲན་གསོའི་བྱེད་སྒོར་གྲུབ་འབྲས་ཆེན་པོ་ཐོབ་སྟེ། བྱེད་སྒོ་སྤེལ་སྟངས་ལ་ཉམས་དང་ཁྱད་ཆོས་དོད་ཅིང་བཀྲག་མདངས་ལྡན་པའི་སྒོ་ནས་ལོ་རྒྱུས་བློ་ལ་བརྟན་པོ་ངེས་པ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ། ཞི་བདེ་ལ་གཅེས་སྤྲས་བྱེད་པ། འབྱུང་འགྱུར་གསར་གཏོད་ཀྱི་བརྗོད་བྱ་འབུར་ཏུ་ཐོན་པ་དང་། རླབས་ཆེའི་མི་རིགས་སྙིང་སྟོབས་ཀྱི་མཐོར་འདེགས་མངོན་འགྱུར་བྱུང་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་། གཞུང་ལུགས། ལམ་ལུགས་བཅས་ལ་ཡིད་ཆེས་སྲ་བརྟན་དུ་བཏང་ཡོད་ལ། རང་རྒྱལ་གྱིས་ཞི་བདེ་དང་དྲང་བདེན་གྱི་རྒྱལ་སྤྱིའི་སྣང་བརྙན་ལ་སྲུང་སྐྱོང་གསལ་པོ་མངོན་ཡོད། དྲན་གསོ་བྱེད་སྒོ་ཡིས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དེ་འཛམ་གླིང་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་ལོ་རྒྱུས་གོ་གནས་དང་འཛམ་གླིང་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་བཞག་པའི་བྱས་རྗེས་གལ་ཆེན་ལ་ངོས་འཛིན་གཅིག་མཐུན་བྱུང་བ་བསྟན་ཡོད་པས། རྒྱལ་ཡོངས་ཀྱི་མི་རིགས་སོ་སོ་དང་། ཀྲུང་གོའི་འཕེལ་རྒྱས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས།

      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། དྲན་གསོ་བྱེད་སྒོའི་འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ལིའུ་ཡུན་ཧྲན་ཕྱོགས་བསྡོམས་ཚོགས་ཆེན་དུ་ཞུགས་པ་དང་གསུང་བཤད་གནང་། 

      དྲན་གསོ་བྱེད་སྒོའི་འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་གཞོན་པ་ལིིའུ་ཆི་པའོ་དང་། ཧྥང་ཁྲང་ལུང་། ལི་ཀྲན་ཧྲུའུ། ཀོ་ཅིན་ལུང་། དབྱང་ཅིང་། ཀོ་ཧྲེན་ཁུན། ཧྥང་ཧྥུང་ཧའེ་བཅས་ཚོགས་འདུར་ཞུགས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1