རྒྱ་བོད་ཡིག་ཟུང་གི་སྣ་འཛོམས་དུས་དེབ་《ཤ་སྐྱ།》བསྐྱར་འགྲེམ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


  

ལོ་རབས་བརྒྱད་བཅུའི་ནང་གི་ཤ་སྐྱ།དུས་དེབ། 

  ལོ་རབས་བརྒྱད་བཅུ་པའི་ནང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཤ་སྐྱ།ཞེས་པའི་རྒྱ་བོད་ཡིག་ཟུང་གི་རྩོམ་རིག་དུས་དེབ་ཅིག་པར་འགྲེམ་བྱས་ཤིང་། དུས་དེབ་དེས་དུས་སྐབས་དེའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་འཕེལ་རྒྱས་ལ་སྐུལ་ཤུགས་ཀྱི་ནུས་པ་ཐོན་ཡོད། ཡིན་ནའང་རྒྱུ་རྐྱེན་གཞན་དག་གི་དབང་གིས་རྩོམ་རིག་ལ་དུངས་བ་ཟབ་པའི་ཀློག་པ་པོ་དང་རྩོམ་པ་པོ་མང་པོའི་རྩོམ་རིག་གི་གཤིན་ས་དྲོན་མོ་སྟེ་ཤ་སྐྱ།དུས་དེབ་སྤེལ་མཚམས་བཞག་པ་རེད། 

  ཉེ་སྔོན་བསྒྲགས་པའི་གནས་ཚུལ་ལྟར་ན། ལོ་28འགོར་རྗེས་ཀྱི་ད་ལྟ་ཏང་ཀྲུང་དབྱང་གི་རིག་གནས་འཕེལ་རྒྱས་དང་གྱ་ནོམ་ཅན་དུ་གཏང་དགོས་པའི་སྲིད་ཇུས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་བྱེད་པའི་བཞུགས་མོལ་ཚོགས་འདུའི་སྟེང་གསུངས་པའི་བསམ་བློའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱ་ཆེད། མགོ་ལོག་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་བྱས་པར་མ་ཟད་སྣ་འཛོམས་རང་བཞིན་གྱི་རྒྱ་བོད་ཡིག་ཟུང་གི་རྩོམ་རིག་དུས་དེབ་ཤ་སྐྱ།དུས་དེབ་བསྐྱར་འགྲེམ་བྱ་རྒྱུའི་གྲོས་ཐག་བཅད། 

  ཉེ་ལམ་སྤེལ་མཚམས་བཞག་ནས་ལོ་ངོ་28འགོར་བའི་ཤ་སྐྱ།དུས་དེབ་དངོས་སུ་བསྐྱར་འགྲེམ་བྱས་ཡོད། །


བསྐྱར་འགྲེམ་བྱས་རྗེས་ཀྱི་ཤ་སྐྱ།དུས་དེབ།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1