ཨ་རིའི་དཔེ་ཚོང་ཁང་དུ་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ།》སོགས་ཀྱི་དཔེ་དེབ་ཕྱིར་འཚོང་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-20



    སྤྱི་ཟླ་9བའི་ཚེས་17ཉིན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་གཉེར་བའི་ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ།སོགས་ཀྲུང་གོ་བརྗོད་བྱ་གཙོ་བོར་བྱས་པའི་དཔེ་དེབ་ཕྱིར་འཚོང་ཟླ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དེ་ཨ་རིའི་ཝ་ཧྲིང་ཐོན་གྱི་ཆབ་སྲིད་དང་ལྷུག་རྩོམ་དཔེ་ཚོང་ཁང་དུ་སྤེལ། 
    ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀུའོ་ཝུའེ་མིང་བྱེད་སྒོར་ཞུགས་པར་མ་ཟད། འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་ཕུལ་བ་དང་ཡུལ་དངོས་ཀྱི་ལྟད་མོ་བའི་འདྲི་ཚིག་ལ་ལན་བཏབ།
    འདི་ག་དྲ་བའི་གསར་འགོད་པས་ཆབ་སྲིད་དང་ལྷུག་རྩོམ་དཔེ་ཚོང་ཁང་གི་ཡུལ་དངོས་སུ་མཐོང་དོན། དཔེ་ཚོང་ཁང་དུ་ཐོན་མ་ཐག མངོན་གསལ་གྱི་གནས་སུ་ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ།ཞེས་པའི་དཔེ་ཆ་བཞག་ཡོད་ཅིང་། དུས་རབས་གོང་མའི་དུས་དཀྱིལ་དུ་ཀྲུང་གོའི་ཧྲང་ཧའེ་རུ་འཚོ་བ་སྐྱེལ་མྱངས་པའི་སྐྱེས་མ་ཝེ་སི་ལིན་ལགས་སྔ་ས་ནས་ཡུལ་དངོས་སུ་ཐོན་པ་དང་། འཕྲལ་མར་ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ།ཞེས་པའི་དཔེ་དེབ་དེར་གཟིགས་པ་རེད།
ཁོ་མོས་བཤད་དོན། ཁོ་མོས་ཀྲུང་གོའི་འདས་སོང་ལ་ཤེས་རྟོགས་ཡོད་ཅིང་། ཀྲུང་གོའི་འགྱུར་ལྡོག་ཆེན་པོ་བྱུང་བཞིན་པར་ཡང་རྒྱུན་པར་དོ་སྣང་བྱེད་བཞིན་ཡོད། ཁོ་མོས་ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ།ཀློག་པ་བརྒྱུད་ནས་ཀྲུང་གོར་ཤེས་རྟོགས་ཇེ་ཟབ་ཏུ་གཏོང་བར་ཤིན་ཏུ་འདོད་ཅེས་བཤད།
     ཨ་མེ་རི་ཁའི་ཧ་ཧྥུ་སློབ་ཆེན་གྱི་ཧྥེ་ཀྲེང་ཆིང་ལྟེ་གནས་ཀྱི་ཞིབ་འཇུག་པ། ཝུའུ་ཏེ་ལའོ་ཝེའར་ཤུན་ལྟེ་གནས་ཀྱི་སྤྱི་པའི་སྲིད་ཇུས་ཀྱི་མཁས་དབང་། མའོ་ཙེ་ཏུང་གི་རྣམ་ཐར།ཞེས་པའི་དེབ་ཀྱི་རྩོམ་པ་པོ་ལའོ་སི་ཐེ་ལེར་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ།ཞེས་པའི་དེབ་འདི་འཛམ་གླིང་གི་ས་གནས་ཁག་ཏུ་འགྲེམས་སྤེལ་བྱས་ཟིན་པ་དང་། ཉིན་རེ་ནས་ཉིན་རེར་ཤུགས་རྐྱེན་ཆེན་པོ་འབྱུང་བཞིན་ཡོད། དེབ་འདི་བརྒྱུད་དེ། མི་རྣམས་ཀྱིས་ཀྲུང་གོར་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་ཕྱེས་པ་དང་མཚུངས། ཐེ་ལེར་གྱིས་བཤད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱས་བཤད་ཁ་ཤས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་བྱུང་། དཔེར་ན། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཤད་རྒྱུར། ང་ཚོར་གཟེར་མ་གདབ་པ་ལྟ་བུའི་སྙིང་སྟོབས་ཡོད་དགོས། གཟེར་མ་གདབ་པར་ཐོ་རྒྱག་ཅིག་གིས་འདེབས་ཐུབ་པ་ཞིག་མ་ཡིན་པར། ཐོ་རྒྱག་རེ་རེ་བྱས་ཏེ་འཛེར་མ་སྲ་མོ་གདབ་ཐུབ་པའི་བར་ཐོ་རྒྱག་བྱེད་དགོས་ལ། གཅིག་དེ་སྲ་མོ་གདབ་རྗེས་ཡང་གཅིག་གདབ་དགོས། རྒྱུན་མི་འཆད་པར་གནད་དོན་སྣ་ཚོགས་ཐག་གཅོད་བྱས་ན་ཕན་ནུས་ཆེན་པོ་ཐོན་ངེས་ཡིན། དེས་ངའི་སེམས་ལ་ཀྲུའུ་ཞི་མའོ་ཙེ་ཏུང་གིས་མཛུབ་མོ་བཅུ་ཡིས་རོ་ཆས་དཀྲོལ་བའི་སྐོར་གྱི་གསོན་ཉམས་ལྡན་པའི་དཔེར་བརྗོད་དེ་དྲན་བྱུང་ཞེས་ཟེར།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1