ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་60ལོན་པའི་གྲུབ་འབྲས་འགྲེམས་སྟོན་པེ་ཅིང་དུ་ཚོགས་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-21


       མེས་རྒྱལ་གྱི་པང་དུ།——ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་60ལོན་པའི་གྲུབ་འབྲས་འགྲེམ་སྟོན་དེ་ཚེས་20ཉིན་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་ཚོགས་འགོ་ཚུགས། ཡུ་གུར་གྱི་བུ་མོ་གཉིས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕུལ་བའི་སེམས་མཐུན་མཉམ་ལས་སྒོས་ཀྲུང་གོའི་ཕུགས་འདུན་སྐྲུན་པ་ཞེས་པའི་འཚེམ་དྲུབ་དེ་འགྲེམ་སྟོན་ནང་དུ་འགྲེམ་སྟོན་བྱས།
    འཚེམ་དྲུབ་ཀྱི་འོག་ཏུ་ད་དུང་ཡུ་གུར་རིགས་ཀྱི་བུ་མོ་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བྲིས་པའི་འཕྲིན་ཡིག་དེ་འགྲེམ་སྟོན་བྱས་ཡོད། འཕྲིན་ཡིག་གི་ནང་དུ། ང་ཚོས་དེ་རིང་གི་འདི་ལྟ་བུའི་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ཡོད་པའི་རྐྱེན་གྱིས་ཡིན། འདི་དག་ཚང་མ་ནི་ཁྱེད་ཀྱིས་ང་ཚོ་ལ་ཐུགས་ཁུར་གནང་བའི་རྐྱེན་གྱིས་ཡིན། ང་ཚོའི་སེམས་པ་མཚོན་ཆེད་དུ་ངེད་བུ་མོ་སྤུན་གཉིས་ཀྱིས་ཟླ་བ་གཉིས་ཀྱི་རིང་དུ་ཁྱེད་ལ་སེམས་མཐུན་མཉམ་ལས་སྒོས་ཀྲུང་གོའི་ཕུགས་འདུན་སྐྲུན་པ་ཞེས་པའི་རྒྱ་གྲམ་ཀྱི་འཚེམ་དྲུབ་འདི་འདྲ་ཞིག་གཙག་པ་ཡིན། ཁབ་སྐུད་འདི་རེ་རེ་ལ་བརྟེན་ནས་ང་ཚོས་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རེ་སྒུག་དང་ཁྱེད་རང་ལ་ཐུགས་རྗེ་ཆེ་ཞུ་འདོད་པའི་རེ་བ་མཚོན་པ་ཡིན།
      ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་60ལོན་པའི་གྲུབ་འབྲས་འགྲེམས་སྟོན་དུ་མེས་རྒྱལ་གྱི་པང་དུ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ། གྲུབ་འབྲས་ལེ་ཚན། དཔའ་མཛངས་ཀྱིས་མདུན་དུ་སྐྱོད་པའི་ཞིན་ཅང་། དམངས་ཕན་ལེ་ཚན། ཧུར་བརྩོན་ཁྲོད་ཀྱིས་ཞིན་ཅང་། བརྗིད་ཉམས་ཀྱི་ལེ་ཚན། ཞི་མཐུན་ཀྱི་ཞིན་ཅང་། རྒྱང་ལྟའི་ལེ་ཚན། རེ་བའི་ཁྲོད་ཀྱི་ཞིན་ཅང་སོགས་ལེ་ཚན་སོགས་སུ་བགོས་ཡོད། འགྲེམ་སྟོན་ནི་པར་རིས700ལྷག་དང་། དངོས་རྫས་200ལྷག དེ་བཞིན་གསོན་ཉམས་ལྡན་ཞིང་རྣམ་པ་གསར་བའི་འཕྲིན་མང་གཟུགས་བརྒྱུད་དེ་འགྲེམས་སྟོན་བྱས་པ་ཡིན། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཞིན་ཅང་གི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་འཆམ་མཐུན་དང་། དཀའ་སྤྱད་འབད་འབུངས། ཧུར་བརྩོན་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་སྒོས་མངོན་པ་དང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་60རིང་། ལྷག་པར་དུ་ཀྲུང་དབྱང་གི་ཞིན་ཅང་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་ནས་བཟུང་། རང་སྐྱོང་ལྗོངས་ཀྱིས་དཔལ་འབྱོར། ཆབ་སྲིད། རིག་གནས། སྤྱི་ཚོགས་དང་ཏང་གི་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་མངོན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1