སྐབས་དགུ་པའི་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་དྲུག་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-21


  སྤྱི་ཟླ་9པའི་ཚེས་19ཉིན། སྐབས་དགུ་པའི་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་དྲུག་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཡོངས་རྫོགས་མཇུག་སྒྲིལ་བའི་མཛད་སྒོ་དེ་ཁྲེན་ཏུའུ་ཀློག་རྡུལ་ཚན་རྩལ་སློབ་ཆེན་གྱི་ལུས་རྩལ་ཁང་དུ་སྤེལ།

  ཟླ་9པའི་ཚེས་12ཉིན་ནས་ཚེས་19ཉིན་བར། སྐབས་དགུ་པའི་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་བསྡུར་དང་སྐབས་དྲུག་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་དེ་སི་ཁྲོན་ཁྲེན་ཏུའུ་ནས་འཚོགས་ཤིང་། བསྡོམས་པའི་ཉིན་7གྱི་རིང་ལ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ས་ཁུལ། ཐད་གཏོགས་གྲོང་ཁྱེར་31དང་དེ་མིན་ཞིན་ཅང་དམག་སྡེ། ཞང་ཀང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་བཅས་ནས་འོངས་པའི་འཐུས་མི་ཚོགས་པ་35ཡི་ལུས་རྩལ་པ་2382ལུས་རྩལ་རྣམ་གྲངས་12དང་ཡན་ལག་རྣམ་གྲངས་644ཡི་འགྲན་བསྡུར་ལ་ཞུགས། 

  ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ལ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཞུགས་པའི་དང་བླངས་པ་ཁྲི་1.1ལུས་རྩལ་འགྲན་ཚོགས་ཀྱི་ཞབས་ཞུའི་ལས་ལ་ཞུགས་ཤིང་། ལས་ཀའི་དུས་ཚོད་ཆུ་ཚོད་ཁྲི་53ལས་བརྒལ་བ་རེད། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་པའི་མཛད་སྒོའི་སྟེང་འགྲན་ཞུགས་པར་ལུས་རྩལ་ཀུན་སྤྱོད་དཔེ་ལེགས་ཅན་གྱི་གཟེངས་རྟགས་དང་འགྲན་ཞུགས་དྲན་རྟེན་གནང་པར་མ་ཟད། ལུས་རྩལ་པས་དང་བླངས་པའི་འཐུས་མིར་མེ་ཏོག་ཕུལ་བའི་བར་བཅུག་བྱེད་སྒོ་ཞིག་ཀྱང་གསར་དུ་བསྣན་ཏེ་དང་བླངས་པར་བཀའ་དྲིན་མཚོན་པར་བྱས།

  རྒྱུས་ལོན་བྱས་པ་ལྟར་ན། སྐབས་རྗེས་མའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཐེན་ཅིན་ནས་འཚོག་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1