ཝང་ཏུང་མིང་གིས་སི་ཁྲོན་ཞིང་ཆེན་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་རིར་རྟོག་ཞིབ་ཏུ་ཕེབས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


  སྤྱིི་ཟླ་9པའི་ཚེས་21ཉིན། ཨ་རིའི་ཝ་ཧྲིང་ཐོན་ཀྲུའུ་ཡི་ཀྲུའུ་ཀྲང་དབྱིན་སི་ལི་ཡིས་གདན་ཞུ་ལྟར། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཝང་ཏུང་མིང་གིས་སི་ཁྲོན་ཞིང་ཆེན་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་རིར་སྐབས་གསུམ་པའི་ཀྲུང་གོ་དང་ཨ་རིའི་ཞིང་ཆེན་དང་ཀྲུང་ཀྲང་འགོ་ཁྲིད་པའི་གླེང་སྟེགས་སུ་ཞུགས་པར་ཕེབས་ཏེ། ་ཝ་ཧྲིང་ཐོན་དང་ཀཱ་ལི་ཧྥུ་ཉི་ཡཱ་ཀྲུའུ་གཉིས་སུ་ལས་ཀའི་འཚམས་འདྲི་གནང་།

  རྟོག་ཞིབ་བྱེད་རིང་། སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་སྐབས་གསུམ་པའི་ཀྲུང་གོ་དང་ཨ་རིའི་ཞིང་ཆེན་དང་ཀྲུང་ཀྲང་འགོ་ཁྲིད་པའི་གླེང་སྟེགས་སུ་ཞུགས་ཏེ། ཨ་རིའི་ས་ཁུལ་ཁ་ཤས་ཀྱི་འགོ་ཁྲིད་དང་། བཟོ་ཚོང་ལས་རིགས་མི་སྣར་མཇལ་འཕྲད་བྱས་པར་བརྒྱུད། འཐབ་ཇུས་མཉམ་ལས་ཀྱི་ཡིག་ཆ་དང་རྣམ་གྲངས་མཉམ་ལས་གྲོས་ཆོད་ཀྱི་ཐོ་འགོད་གང་མང་ཞིག་ལ་སྐུལ་འདེད་དང་བདེན་དཔང་བྱ་ཞིང་། སི་ཁྲོན་དང་ཨ་རིའི་འབྲེལ་ཡོད་ཁུལ་གྱི་མཛའ་མཐུན་མཉམ་ལས་འབྲེལ་བའི་ཆུ་ཚད་མཐོ་རུ་གཏང་བ་དང་། སི་ཁྲོན་གྱིས་ཕྱི་ཕྱོགས་ལ་ཤུགས་རྐྱེན་རྒྱ་བསྐྱེད་བྱ་སྟེ། སི་ཁྲོན་དང་ཨ་རིའི་འབྲེལ་ཡོད་ས་ཁུལ་བར་གྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་འཇོག ནུས་ཁུངས་གཙང་བཟོ་དང་ཐཱན་དམའ་དཔལ་འབྱོར། སློབ་གསོ་དང་ཚན་རྩལ། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་སུ་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏང་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1