ཝ་ཧྲིང་ཐོན་སྲང་ལམ་དུ་ཀྲུང་གོའི་རྒྱུ་ཆ་མངོན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-23


     ཉེ་ཆར།  མི་དམངས་དྲ་བའི་གསར་འགོད་པས་ཨ་རིའི་རྒྱལ་ས་ཝ་ཧྲེང་ཐོན་གྱི་གྲོང་ཁྱེར་རུ་བཅར་འདྲི་བྱེད་སྐབས། ཐེངས་མང་པོ་ཞིག་ལ་ཀྲུང་གོའི་རྩ་ཆེའི་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་པར་རིས་ཀྱི་མཚམས་སྦྱོར་བརྡ་ཁྱབ་ཆེན་པོ་རླངས་འཁོར་གྱི་སྟེང་དུ་དཔར་ཡོད་པ་མཐོང་། དེ་ཡང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་རིང་བར་ཨ་རི་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་དུས་སུ། ཝ་ཧྲིང་ཐོན་གྱི་ཁྲོམ་གཞུང་དུ་ཀྲུང་གོའི་རྒྱུ་ཆ་འདི་དག་མཐོང་བས་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་ཨ་རིར་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་66ལོན་པ་ལ་བསུ་བ་ཞུ་ཆེད་དུ་ལོ་གཅིག་གི་རིང་ལ་ཇུས་འགོད་ཞིབ་ཚགས་དང་འབད་བརྩོན་བྱས་པར་བརྒྱུད། སྤྱི་ཟླ་9པའི་ཚེས་14ཉིན་ནས་བཟུང་ཝ་ཧྲིང་ཐོན་སྲང་ལམ་དུ་བཀྲམས་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་གཟུགས་བརྙན་གྱི་མཚམས་སྦྱོར་བརྡ་ཁྱབ་རབ་དང་རིམ་པའི་སྐོར་གྱི་ཆ་ཤས་ཤིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་འགྱངས་བར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པའི་གོ་སྐབས་དང་འཕྲད་པས། མཛེས་སྡུག་ལྡན་ཞིང་ཐུན་མོང་མ་ཡིན་པའི་ཀྲུང་གོའི་རྒྱུ་ཆ་འདི་ནི་ཡག་ཐོག་ཡག་བརྩེགས་ཤིག་ཏུ་གྱུར་ཡོད།
     གནས་ཚུལ་ཤེས་མཁན་གྱིས་བཤད་ཚུལ་ལྟར་ན། མཚམས་སྦྱོར་བརྡ་ཁྱབ་ཆེན་པོའི་ཐོག་གི་པར་རིས་ཚང་མ་ཀྲུང་གོ་ནས་ཁྱེར་ཡོང་བ་ཡིན་ལ། པར་ལེན་མཁན་དེ་དག་ནི་ཆེད་ལས་པར་ལེན་མི་སྣ་དང་རང་བྱུང་ཁོར་ཡུག་སྲུང་སྐྱོང་མི་སྣ། ལས་ཞོར་དུ་པར་བླངས་རྒྱུར་དགའ་མཁན་དང་དེ་བཞིན་སློབ་ཆེན་སློབ་མའི་ཚོགས་པ་བཅས་ཡིན། ཁོ་ཚོ་ཚང་མས་རིན་མེད་སྒོས་རང་ཉིད་ཀྱི་བརྩམས་ཆོས་དེ་དག་གི་བཀོལ་སྤྱོད་དབང་ཆ་ཨ་རིར་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་ལ་སྤྲད་དེ། ཀྲུང་གོའི་ཁོར་ཡུག་དང་རང་བྱུང་སྲུང་སྐྱོང་བྱ་གཞག་ལ་རྒྱབ་སྐྱོར་དང་བྱས་རྗེས་བཞག་པ་ཡིན། དུས་མཚུངས་སུ། ཁོ་ཚོས་རང་ཉིད་ཀྱི་བརྩམས་ཆོས་སྤྱད་དེ་ཀྲུང་གོའི་མི་དམངས་དང་ཨ་རིའི་མི་དམངས་བར་ཤེས་རྟོགས་དང་མཛའ་གྲོགས་ཀྱི་ཟམ་པ་ཞིག་སྐྲུན་ཐུབ་རྒྱུའི་རེ་བ་བཅངས་པ་དེ་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1