འཇར་པན་དུ་སྡོད་ཡོད་པའི་ཚོགས་པས་ཐོ་ཁེ་ཡོ་ནས་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་66ལོན་པའི་དྲན་གསོའི་དགོང་ཚོགས་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-24


  འཇར་པན་དུ་སྡོད་པའི་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་ཚོགས་པས་གཙོ་གཉེར་བྱས་པའི་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་66ལོན་པ་དང་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་དྲན་གསོའི་དགོངས་ཚོགས་དེ་ཚེས་22ཉིན་གྱི་དགོང་མོར་འཇར་པན་ཐོ་ཁེ་ཡོ་ནས་འཚོགས་ཤིང་། འཇར་པན་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲེང་ཡུང་ཧྭ་དང་འཇར་པན་དུ་སྡོད་པའི་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་བརྒྱ་ཕྲག་ཁ་ཤས་དགོང་ཚོགས་སུ་ཞུགས།

  ཐེངས་འདིའི་དགོང་ཚོགས་ནི་འཇར་པན་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཡིན་ལ། འཇར་པན་གྱི་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱིས་རོགས་སྒྲུབ་བྱས་པ་ཡིན། ཁྲེང་ཡུང་ཧྭ་དང་འཇར་པན་གྱི་ཕྱིར་སྡོད་རང་མི་དང་ཀྲུང་གོ་བའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཡན་ཨན་གྱིས་དགོང་ཚོགས་ཐོག་ཤིས་ཚིག་ཕུལ། འཇར་པན་གྱི་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་ཡན་ཧོ་གསོལ་སྟོན་ལ་ཞུགས་པ་དང་ཤིས་ཚིག་གནང་།
  ཡན་ཨན་གྱིས་ཐོག་མར་དགོང་ཚོགས་ལ་ཤིས་ཚིག་ཕུལ། ཁོང་གིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70 ལོན་པའི་དུས་ཡིན་ཞིང་། དུས་མཚུངས་སུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་66ལོན་པའི་དུས་ཡིན། དུས་ཆེན་དེ་གཉིས་ལ་ནང་གསེས་ཀྱི་འབྲེལ་བ་གཏིང་ཟབ་པོ་ཡོད། སྔོན་མ་ནི་ཀྲུང་ཧྭ་མི་རིགས་ལ་རང་བཙན་དང་བཅིངས་འགྲོལ་ཐོབ་པ་ཡིན་ལ། ཕྱི་མས་ཀྲུང་གོ་མི་དམངས་ལ་ཡར་ལངས་ཐོབ་པ་དེ་མཚོན་ཡོད། ཡན་ཨན་གྱིས། དྲན་གསོའི་བྱེད་སྒོ་འདི་འདྲ་ཞིག་འཚོགས་རྒྱུའི་དམིགས་ཡུལ་ནི་འཁོན་འཛིན་རྒྱུན་མཐུད་པའི་ཆེད་མ་ཡིན་པར། དེ་ནི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ཞི་བདེར་གཅེས་སྤྲས་དང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཆེད་དུ་ཡིན། དེ་ནས་མུ་མཐུད་དུ་འབྱུང་འགྱུར་གསར་གཏོད་བྱས་ནས་འཇར་པན་གྱི་ཕྱིར་སྡོད་ཀྲུང་གོ་བ་དག་སྔར་ལས་མཐུན་སྒྲིལ་བྱས་ཏེ། མེས་རྒྱལ་འཛུགས་སྐྲུན་དང་ཀྲུང་འཇར་བར་གྱི་སྤེལ་རེས་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ་རྒྱུའི་ཆེད་དུ་ཡིན།
  འཇར་པན་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པ་མང་པོ་ཞིག་གིས་དགོང་ཚོགས་སྟེང་གླུ་གར་འཁྲབ་སྟོན་བྱས་པ་དང་། འཇར་པན་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་250ལྷག་གིས་ཐུན་མོང་ཐོག་གྱེར་པའི་《རྨ་ཆུར་སྲུང་སྐྱོབ།》སོགས་ཀྱི་གླུ་དབྱངས་ལ་སྟེགས་བུའི་འོག་གི་ལྟད་མོ་བའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1