བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་50ལོན་པར་རྟེན་འབྲེལ་ཞུ་བའི་རི་མོ་འགྲེམ་སྟོན་པེ་ཅིང་ནས་སྤེལ་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-25


 

  སྤྱི་ཟླ་9པའི་ཚེས་23ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་50ལོན་པར་རྟེན་འབྲེལ་བྱ་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་རི་མོ་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་མཛད་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་50ལོན་པར་རྟེན་འབྲེལ་ཞུ་བའི་རི་མོ་འགྲེམ་སྟོན་ཞེས་པ་པེ་ཅིང་དུ་སྤེལ་འགོ་ཚུགས། 

  ཐེངས་འདིའི་འགྲེམ་སྟོན་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་50ལོན་པར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱེད་སྒོའི་གྲས་ཀྱི་དང་པོ་ཡིན་ལ། འགྲེམ་སྟོན་སྟེང་ལོ་རབས་20ནང་གི་ཀྲུང་གོའི་རི་མོ་ལོ་རྒྱུས་སྟེང་གི་བོད་ལྗོངས་དང་འབྲེལ་བའི་རི་མོ་གྲགས་ཅན་20་དང་སྒྱུ་རྩལ་པ་25ཡིས་ཉེ་ལམ་གསར་དུ་བྲིས་པའི་རི་མོའི་བརྩམས་ཆོས་200ལྷག་འགྲེམ་སྟོན་བྱས། འགྲེམ་སྟོན་བྱས་པའི་རི་མོ་འདི་དག་ལས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དང་མི་རིགས་མང་པོ་མཉམ་འདྲེས་བྱས་པའི་གནས་སྟངས། བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཚུན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་མཚོན་ཡོད། དེ་མིན་ད་དུང་ཏང་གི་དབུ་ཁྲིད་འོག་བོད་ལྗོངས་མི་དམངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་མཚོན་ཡོད། 

  རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་གྱི་དུས་ཡུན་ནི་སྤྱི་ཟླ་10པའི་ཚེས་7ཉིན་བར་ཡིན་པས་རྒྱ་ཆེའི་ལྟད་མོ་བ་དག་འགྲེམ་སྟོན་ལ་ལྟད་མོ་རུ་ཕེབས་ཆོག ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1