ཝང་ཏུང་མིང་གིས་ཏུའུ་པང་ལས་ཁུངས་ཀྱི་ལས་འཛིན་འགོ་འཛིན། དབུ་བཞུགས་དོ་དམ་ལག་བསྟར་ཁུ་ཨའེ་ལུན་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-27


   ས་གནས་དེ་གའི་དུས་ཚོད་ཟླ་9པའི་ཚེས་23ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཝ་ཧྲིན་ཐོང་ཀྲུའུ་སི་ཡཱ་ཐུ་གྲོང་ཁྱེར་དུ་ཏུའུ་པང་ལས་ཁུངས་ཀྱི་ལས་འཛིན་འགོ་འཛིན། དབུ་བཞུགས་དོ་དམ་ལག་བསྟར་ཁུ་ཨའེ་ལུན་ལ་མཇལ་འཕྲད་གནང་བ་དང་། ཏུའུ་པང་ལས་ཁུངས་ཀྱི་མཐོ་རིམ་དང་མཉམ་དུ་སི་ཁྲོན་ཞིང་ཆེན་སྲིད་གཞུང་དང་ཏུའུ་པང་ཀྲུང་གོའི་ཚོགས་ཁག་ཚད་ཡོད་ལས་ཁུངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་བརྗེད་ཐོ་གསར་པ་རུ་མིང་ཐོ་བཀོད། 
   ཐུགས་འཕྲད་གནང་རྗེས་སུ། ཝང་ཏུང་མིང་དང་ཁུ་ཨའེ་ལུན་སོགས་ཀྱིས་མཉམ་དུ་སི་ཁྲོན་ཞིང་ཆེན་སྲིད་གཞུང་དང་ཏུའུ་པང་ཀྲུང་གོའི་ཚོགས་ཁག་ཚད་ཡོད་ལས་ཁུངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་བརྗེད་ཐོ་གསར་པ་རུ་མིང་ཐོ་བཀོད། ཐོ་འགོད་བྱས་པའི་མཉམ་ལས་བརྗེད་ཐོ་ལྟར་ན། ཕྱོགས་གཉིས་ཀས་དེང་རབས་ཞིང་ལས་དང་། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ། ནུས་བསྲི་སྙིགས་འཕྲི་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་གཙོ་བོར་བྱས་ཏེ། ཐོ་འགོད་བྱས་ཟིན་པའི་ཐོན་ལས་དང་རིག་གཞུང་། ཞིབ་འཇུག་བཅས་མཉམ་ལས་གྲོས་ཆོད་ལག་བསྟར་ནན་མོ་བྱེད་དེ། ཚན་རིག་ཞིབ་འཇུག་གི་རྣམ་གྲངས་དང་། གར་སྟེགས་འཛུགས་སྐྲུན། མི་སྣ་བསྐྱེད་སྲིང་བཅས་གསུམ་པོ་གོང་བུ་གཅིག་ཏུ་བསྡུས་པའི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད། 
ཏུའུ་པང་ལས་ཁུངས་ཀྱི་ལག་བསྟར་གཙོ་འཛིན་གཞོན་པ་ཁུ་ལིན་སུའུ། གོ་ལ་ཡོངས་ཀྱི་ལས་དོན་གྱི་སྤྱིའི་ལྟ་སྐུལ་བ་ཧུའུ་སུའུ་རའེ། རྒྱལ་སྤྱིའི་སྲིད་གཞུང་ལས་དོན་གྱི་སྤྱིའི་ལྟ་སྐུལ་བ་ཨའེ་ཐུ་ཝེར་སོགས་མཇལ་འཕྲད་དུ་ཞུགས་པ་དང་མིང་རྟགས་འགོད་པའི་མཛད་སྒོ་རུ་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1