ཞི་ཅིན་ཕིང་གིས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བའི་མཇུག་སྒྲིལ་བ་དང་ཉིའུ་ཡོ་རུ་ཕེབས་ཏེ་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་70 འཁོར་བའི་མུ་འབྲེལ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་ཕེབས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-27



      རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་25ཉིན་ཕུན་སུམ་ཚོགས་པའི་ངང་ནས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བའི་མཇུག་སྒྲིལ་བ་དང་། ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཝ་ཧྲིང་ཐོན་ནས་ཁ་བྲལ་ཏེ་ཉིའུ་ཡོ་རུ་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་70འཁོར་བའི་མུ་འབྲེལ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་ཕེབས།
     ས་གནས་དེ་གའི་དགོང་མོ་ཡི་དུས་ཚོད་11དང་སྐར་མ་25ཡི་སྟེང་། ཞི་ཅིན་ཕིང་དང་སྐུ་ལྕམ་ཕེན་ལི་ཡོན་ཨ་རིའི་སྲིད་འཛིན་གྱིས་སྤེལ་པའི་གཟབ་རྒྱས་ཀྱི་གསོལ་སྟོན་ལ་ཞུགས་རྗེས། རླངས་འཁོར་ལ་བཞུགས་ཏེ་ཨན་ཏི་ལུའོ་སི་མཁའ་དམག་རྟེན་གཞིར་ཕེབས་འབྱོར་ཟིན་པ་རེད།གུས་དམག་རྣམས་ས་གདན་དམར་པོའི་གཞོགས་གཉིས་སུ་རུ་བསྒྲིགས་ཤིང་། དམག་མིའི་རོལ་ཆ་རུ་ཁག་གིས་རོལ་ཆ་དཀྲོལ་བ་དང་། ཨ་རི་ཕྱོགས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་གནམ་གྲུའི་ཐང་དུ་ཕེབས་སྐྱེལ་ཞུས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1