ཀུའེ་ཐི་མ་ལའི་གྲོང་བརྡལ་ཞིག་ཏུ་རི་ཉིལ་ནས་མི་56རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-05


  སྤྱི་ཟླ་10པའི་ཚེས་4ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཀུའེ་ཐི་མ་ལ་རྒྱལ་ཁབ་ཀྱི་རྒྱལ་ས་ཀུའེ་ཐི་མ་ལ་གྲོང་ཁྱེར་དང་སྤྱི་ལེ་15ཡོད་པའི་ཨེར་ཁན་པོའོ་རེའུ་གྲོང་བརྡལ་དུ་རི་ཉིལ་ནས་སྡེ་བ་ཞིག་འདམ་རྡོའི་འོག་ནུབ་པ་དང་ཁང་བ་གྱན་100ལྷག་ལ་གཏོར་བརླག་ཐེབས། 

  རི་ཉིལ་སྐབས་དགོང་མོ་ཡིན་པ་དང་ས་གནས་དེ་གའི་འགྲུལ་འགྲིམ་སྟབས་བདེ་མིན་པའི་རྐྱེན་གྱིས་མྱུར་སྐྱོབ་བྱེད་སྐབས་དཀའ་ཁག་མང་པོར་འཕྲད་པ་རེད། མྱུར་སྐྱོབ་མི་སྣ་500ལྷག་དང་ཉེན་རྟོག་པ་མང་པོས་མྱུར་ནམ་གུང་མྱུར་སྐྱོབ་བྱས་པར་མ་ཟད་ས་གནས་དེ་གའི་དམངས་ཚོགས་དག་གིས་རོགས་འདེགས་བྱས།

  ཀུའེ་ཐི་མ་ལའི་གནོད་སེལ་སྡེ་ཁག་གི་འབྲེལ་ཡོད་འགན་འཛིན་པས་ཚེས་3ཉིན་བསྒྲགས་པ་ལྟར་ན། ཐེངས་འདིའི་རི་ཉིལ་ལས་མི་56རྐྱེན་ལམ་དུ་ཤོར་བ་དང་མི་350གར་སོང་ཆ་མེད་དུ་གྱུར་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1