ཞང་ཀང་གི་ལས་རིགས་སོ་སོས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་ཐའེ་ཝན་ཀོང་ཧྥོའོ་དུས་ཆེན་སྤེལ་ནས་ལོ་འཁོར་70ལོན་པའི་དྲན་གསོ་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-07


  སྤྱི་ཟླ་10བའི་ཚེས་5ཉིན། ཞང་ཀང་གི་ལས་རིགས་སོ་སོས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་ཐའེ་ཝན་ཀོང་ཧྥོའོ་དུས་ཆེན་སྤེལ་ནས་ལོ་འཁོར་70ལོན་པའི་ཚོགས་ཆེན་དེ་ཚེས་5ཉིན་གྱི་ཕྱི་དྲོར་ཞང་ཀང་གྲོས་ཚོགས་འགྲེམ་སྟོན་ལྟེ་གནས་སུ་འཚོགས། ཐེངས་འདིའི་དྲན་གསོ་བྱེད་སྒོ་འདི་ནི་ཞང་ཀང་གི་དམངས་ཁྲོད་ཚོགས་པ་50ལྷག་གིས་མཉམ་འབྲེལ་སྒོས་གཙོ་བསྒྲུབ་མཛད་པའི་གཞི་རྒྱ་ཆེ་བའི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པ་བརྗོད་དོན་དུ་བཟུང་པའི་དྲན་གསོའི་བྱེད་སྒོ་ཞིག་ཡིན།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཨུ་ཡོན། ཀྲུང་དབྱང་ཐབས་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཟོན་ཁྲོན་ལན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏོན་ཅན་ཧྭ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁོངས་ཀྱི་འགན་འཛིན་པ་ལང་ཀྲིན་དབྱིན། ཞང་ཀང་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཀྲང་ཞོ་མིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་ལས་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཀྲང་ཀྲི་ཅོན་སོགས་ཐེངས་འདིའི་དྲན་གསོ་ཚོགས་ཆེན་དུ་ཞུགས།

  ཟོན་ཁྲོན་ལན་གྱིས་ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་དྲན་གསོའི་སྟེང་དྲང་བདེན་རྒྱལ་ངེས། ཞི་བདེ་རྒྱལ་ངེས། མི་དམངས་རྒྱལ་ངེས་ཞེས་པའི་ལོ་རྒྱུས་ཀྱི་བདེན་པ་བསྒྲགས་ཤིང་འཛམ་གླིང་ལ་ཀྲུང་གོ་བློ་བརྟན་འགྱུར་མེད་ངང་ཞི་བདེ་ཡི་འཕེལ་རྒྱས་བགྲོད་ལམ་བསྙེག་པའི་ཕུག་འདུན་བསྟན། ལོ་རྒྱུས་ལ་ཕྱིར་རྟོག་དང་སྔོན་གཤེགས་དཔའ་བོར་རྗེས་དྲན། ཞི་བདེ་ལ་གཅེས་སྤྲས། མ་འོངས་གསར་གཏོད་བཅས་བརྗོད་སྙིང་དུ་བཟུང་སྟེ་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་ཐའེ་ཝན་ཀོང་ཧྥོའོ་དུས་ཆེན་སྤེལ་ནས་ནས་ལོ་འཁོར་70ལོན་པའི་དྲན་གསོ་གཟབ་རྒྱས་ངང་འཚོགས་པ་ལས་ང་ཚོས་མཉམ་དུ་དཀའ་སྡུག་གི་ལོ་ཟླ་དེ་རྗེས་དྲན་དང་དཀའ་སྡུག་གི་ལོ་ཟླ་བརྒྱུད་པའི་རླབས་ཆེན་གྱི་མི་རིགས་ཤིག་གི་སྙིང་སྟོབས་ལ་དྲན་གསོ་བྱ་དགོས་ལ། མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་མདུན་ལྗོངས་ལ་སྔོན་དཔག་བྱ་དགོས་ཞེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1