རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོའུ་ཡོའུ་ཡོའུ་ལ་ནོའུ་པེར་ཚན་རིག་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-07


  སྤྱི་ཟླ་10པའི་ཚེས་6ཉིན་བསྒྲག་པའི་གསར་འགྱུར་ལྟར་ན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས་5ཉིན་ཀྲུང་གོའི་བུད་མེད་གསོ་བོ་རིག་པ་ཐུའུ་ཡོའུ་ཡོའུ་ལ་འཕྲིན་ཡིག་བཏང་སྟེ་ཁོ་མོར་2015ལོའི་ནོའུ་པེར་སྐྱེས་ཁམས་རིག་པའམ་གསོ་བ་རིག་པའི་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་ཞུས།

  རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཕྲིན་ཡིག་ནང་། ཐུའུ་ཡོའུ་ཡོའུ་ལ་2015ལོའི་ནོའུ་པེར་སྐྱེས་ཁམས་རིག་པའམ་གསོ་བ་རིག་པའི་གཟེངས་རྟགས་ཐོབ་པར་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད་ལ། འདི་ནི་ཀྲུང་ཧྭའི་བུ་དང་བུ་མོའི་གཟི་བརྗིད་ཡིན་པར་མ་ཟད། ཀྲུང་གོའི་བུད་མེད་ཡོངས་ཀྱི་ང་རྒྱལ་ཡང་རེད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་བུད་མེད་ཡོངས་ཀྱི་ཚབ་མཛད་དེ་ཁོ་མོར་ལྷག་སེམས་འཁོལ་བའི་རྟེན་འབྲེལ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན་ཞེས་བསྟན།

  རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་། དུས་ཡུན་རིང་བའི་ནང་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཀྲུང་གོའི་ཀྲུང་ལུགས་ཚན་རིག་གླིང་གི་མཐོང་ཆེན་བྱས་ཐོག་ཐོའུ་ཡོའུ་ཡོའུ་སྣེ་ཁྲིད་བྱས་པའི་ཞིབ་འཇུག་ཚོགས་པས་མེས་རྒྱལ་གྱི་གསོ་རིག་སྲོལ་རྒྱུན་དར་སྤེལ་དང་རྒྱུན་འཛིན་བྱས་ལ། འབད་པ་ཆེན་པོས་འདར་ནད་ལ་ཞིབ་འཇུག་དང་དེ་འབྲེལ་གྱི་སྨན་རྫས་གསར་གཏོད་བྱས་ཏེ་ནད་པ་མང་པོ་སྡུག་བསྔལ་ལས་ཐར་དུ་བཅུག ཐོའུ་ཡོའུ་ཡོའུ་ཡི་ལུས་སྟེང་ནས་ཀྲུང་གོའི་ཚན་རིག་པའི་གཞན་ཕན་གྱི་ལྷག་བསམ་དང་བླ་མེད་ཀྱི་བློ་སྤོབས་མཚོན་ཡོད་པར་མ་ཟད། ཀྲུང་གོའི་བུད་མེད་ཀྱི་ལ་རྒྱ་དང་ཡིད་ཆེས། རང་བཀུར། རང་རྐྱ་འཕེར་བ། བློ་བརྟན་འགྱུར་མེད། གསར་གཏོད་ལ་སྤོབས་པའི་དུས་རབས་ཀྱི་སྙིང་སྟོབས་མངོན་ཡོད་པ་རེད། 

  རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཐོའ་ཡོའུ་ཡོའུ་ཡི་མེས་རྒྱལ་ལ་དགའ་བ་དང་མི་དམངས་ལ་ཞབས་ཞུ་བསྒྲུབ་པའི་བླ་མེད་ཀྱི་སྤྱོད་བཟང་། མིང་གྲགས་དང་ཁེ་ཕན་དོན་དུ་མི་གཉེར་བའི་མི་གཞིའི་མཛེས་བ། བདེན་དོན་ལ་གཞོལ་བའི་ཚན་རིག་ལ་བཟུང་བའི་རྣམ་འགྱུར། དཀའ་སྡུག་ལ་མི་སྐྲག་པའི་ཕུགས་འདུན་གྱི་ཡིད་ཆེས། ཡང་རྩེར་བསྙེག་པའི་ཚན་རིག་གི་སྙིང་སྟོབས་ལ་སློབ་སྦྱོང་བྱ་དགོས་པར་འབོད་སྐུལ་བཏང་། དེ་མིན་རྒྱལ་ཡོངས་ཀྱི་བུད་མེད་རྣམས་ཀྱིས་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་དང་ཉེ་བར་བཅར་ནས་སོ་སོའི་ལས་རྐང་ནས་འབད་པ་ཆེན་པོས་མི་ཚེ་ཕུགས་འདུན་མངོན་འགྱུར་བྱ་དགོས་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་བྱེད་པའི་ཀྲུང་གོའི་རྨི་ལམ་མངོན་འགྱུར་བྱེད་པར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས་ཞེས་བསྟན།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1