རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུས་དམག་མི་དམག་ཁོངས་ནས་ཕྱིར་འཐེན་པའི་རྒན་གསོ་ཉེན་སེལ་ལམ་ལུགས་ལ་བཅོས་སྒྱུར་འཐུས་ཚང་དུ་གཏོང་བར་ཆོག་མཆན་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-08


       ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་མི་དམག་ཁོངས་ནས་ཕྱིར་འཐེན་པའི་རྒན་གསོ་ཉེན་སེལ་ལམ་ལུགས་ལ་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བར་ཆོག་མཆན་བཀོད། 

འདི་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས།  དམག་མིའི་ཉེན་སེལ་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཞིང་། དམག་དཔུང་གི་མཁོ་སྒྲུབ་སྲིད་ཇུས་ལམ་ལུགས་བཅོས་སྒྱུར་གྱི་ནང་དོན་གལ་ཆེན་ཞིག་ཏེ།  རྒྱ་ཆེའི་དཔོན་དམག་གི་ཁེ་ཕན་དང་དམག་དཔུང་གི་འཛུགས་སྐྲུན་བརྟན་བརླིང་ལ་འབྲེལ་བ་ཡོད་པ་དང་། དམག་མིའི་རྒན་གསོ་ཉེན་ཚབ་ཁེ་ཕན་སྲུང་སྐྱོབ་དང་དམག་མིའི་དཀའ་ཁག་སེལ་བར་ཕན་པ་ཡོད་པར་མ་ཟད། དེས་དམག་དོན་ལས་རིགས་ཀྱི་སྐུལ་ཤུགས་དང་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་དམག་དཔུང་གི་འཐབ་འཛིང་ནུས་པ་ཇེ་ཆེར་གཏོང་བར་ནུས་པ་ཆེན་པོ་འདོན་ཐུབ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1