རོང་བྲག་རྫོང་གིས་འབྲེལ་ལམ་ཆད་པའི་བུད་མེད་ཡུལ་སྐོར་བ་གསུམ་འཚོལ་སྐྱོབ་བྱས།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-08


  ཟླ་10པའི་ཚེས་4ཉིན་གྱི་ཆུ་ཚོད་16སྟེང་། ཧུའུ་ནན་ཁྲང་ཧྲ་ནས་ཡིན་པའི་བུད་མེད་ཡུལ་སྐོར་བ་ཞིག་གིས་རོང་བྲག་རྫོང་མདའ་མདོ་ཡུལ་ཤོག་སྲིད་གཞུང་ལ་ཁ་པར་བཏང་ནས་བུད་མེད་ཡུལ་སྐོར་བ་གསུམ་ཡུལ་སྐོར་ལྗོངས་རྒྱུར་འགྲོ་བའི་ལམ་བར་དུ་འབྲེལ་ལམ་ཆད་དེ་གར་སོང་ཆ་མེད་དུ་གྱུར་ཞེས་ཡར་ཞུ་བྱས། གནས་ཚུལ་འབྱོར་རྗེས་རོང་བྲག་རྫོང་གིས་ཉེན་རྟོག་པ་དང་ས་གནས་དེ་གའི་མངག་གཏོང་ཁང་། ནགས་སྲུང་ཉེན་རྟོག་པ། སྡེ་བའི་ལས་བྱེད་པ། རོང་འབྲོག་དམངས་ཚོགས་སོགས་མི་སྣ་100ལྷག་མྱུར་དུ་རྩ་འཛུགས་བྱས་ཏེ་འཚོལ་ཞིབ་བྱེད་འགོ་བརྩམས། རྫོང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཡང་ཕུན་ཚོགས་ཀྱིས་འཚོལ་ཞིབ་རུ་ཁག་རུ་ཆུང་ལྔ་རུ་བགར་ཏེ་འཚོལ་ཞིབ་བྱས། དུས་ཡུན་ཆུ་ཚོད་31རིང་ལ་འཚོལ་ཞིབ་བྱས་པ་བརྒྱུད་ཚེས་5བའི་ཆུ་ཚོད་10ཡི་སྟེང་འཚོལ་ཞིབ་རུ་ཆུང་ཞིག་གིས་བལ་རི་ཡུལ་ཤོག་བཀོད་དགུ་གྲོང་སྡེའི་འབྲོག་ཁྲིམ་ཞིག་ཏུ་འབྲེལ་ལམ་ཆད་པའི་བུད་མེད་ཡུལ་སྐོར་བ་གསུམ་འཚོལ་རྙེད་བྱུང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1