2015ལོའི་ནོའུ་པེལ་རྩོམ་རིག་གཟེངས་རྟགས་བུད་མེད་རྩོམ་པ་པོ་སི་བེ་ཏི་ལན་ནཱ་ཨ་ལེ་ཁེ་ཞི་ཡེ་བེ་ཆི་ལ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-09


  སྤྱི་ཟླ་10པའི་ཚེས་8ཉིན། སི་ཝེས་དན་རྩོམ་རིག་སློབ་གླིང་ནས་བསྒྲགས་དོན། 2015ལོའི་ནོའུ་པེར་རྩོམ་རིག་གཟེངས་རྟགས་བྷེ་ལ་རུ་སི་ཡི་བུད་མེད་རྩོམ་པ་པོ་སི་བེ་ཏི་ལན་ནཱ་ཨ་ལེ་ཁེ་ཞི་ཡེ་བེ་ཆི་ལ་ཐོབ། 

  སི་ཝེས་དན་རྩོམ་རིག་སློབ་གླིང་གི་དྲུང་ཡིག་སི་ལཱ་ཏ་ནི་བོའོ་སི་ཡིས་ཚེས་8ཉིན་སི་ཝེས་དན་རྩོམ་རིག་སློབ་གླིང་གི་ཚོགས་ཁང་ཆེན་མོའི་ནང་ད་ལོའི་ནོའུ་པེར་རྩོམ་རིག་གཟེངས་རྟགས་ཐོབ་པའི་མིང་ཁྱབ་བསྒྲགས་བྱས། 

  སི་བེ་ཏི་ལན་ནཱ་ཨ་ལེ་ཁེ་ཞི་ཡེ་བེ་ཆི་ནི་སྤྱི་ལོ་1948ལོའི་ཟླ་5བའི་ཚེས་31ཉིན་ཡུག་རེན་ནས་སྐྱེས། ཁོ་མོའི་ཕ་ནི་བྟེ་ལ་རུ་སི་ཡི་མི་དང་མ་ནི་ཡུག་རེན་གྱི་མི་ཡིན་པ་དང་། ཁོ་མོ་ད་ལྟ་བྟེ་ལ་རུ་སི་རུ་གཞིས་སྡོད་བྱས་ཡོད། ཁོ་མོའི་འཐུས་ཚབ་བརྩམས་ཆོས་ལ《ཆིར་ནོའུ་པེ་ལི་ཡི་ཕྱིར་དྲན----ཉིང་རྡུལ་གོད་ཆག་གི་ངག་བརྗོད་ལོ་རྒྱུས།》སོགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1