རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་ཟུང་གི་གྲོས་གླེང་བཞུགས་མོལ་ཚོགས་འདུ་ཐེངས་སོ་དགུ་པ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-10


  སྤྱི་ཟླ་10པའི་ཚེས་8ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་གཟའ་འཁོར་ཟུང་གི་གྲོས་གླེང་བཞུགས་མོལ་ཚོགས་འདུ་ཐེངས་དགུ་པ་འཚོགས་ཏེ་རྒྱུད་རྒྱུ་སྤོར་བའི་ཞིང་ལས་ཐོན་རྫས་ཀྱི་གོ་སྐབས་དང་ཉེན་ཁའི་ཐད་ལ་ཇུས་འགོད་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

  ཨུ་ཡོན་ལ་ལས་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་དང་མིག་རྒྱང་རིང་པོའི་འཕེལ་རྒྱས་ལ་དམིགས་ནས་རྒྱུད་རྒྱུ་སྤོར་བའི་ཞིང་ལས་ཐོན་རྫས་ལ་ཞིབ་འཇུག་དང་ཁྱབ་བརྡལ། ལྟ་སྐུལ་བྱ་དགོས་པའི་གྲོས་གཞི་འགའ་བཏོན། གཅིག སྤོབས་པ་ཆེན་པོས་ཞིབ་འཇུག་བྱ་དགོས། རྨང་གཞིའི་ཞིབ་འཇུག་ལ་གཞོལ་ཏེ་དངོས་སྤྱོད་ཞིབ་འཇུག་གི་སྟེང་ནས་ཁེ་ལས་ཀྱི་བརྩོན་སེམས་ལ་སྐུལ་འདེད་དང་བདེ་འཇགས་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་བྱ་དགོས། གཉིས། ཁྱབ་བརྡལ་ལ་གཟབ་ནན་བྱ་དགོས། བཟའ་རུང་བའི་ཐོན་རྫས་དང་བཟའ་མི་རུང་བའི་ཐོན་རྫས་ཀྱི་དབྱེ་བ། འབྲུ་རིགས་གཙོ་བོ་དང་ཕལ་བའི་དབྱེ་བ་གཙོ་བོར་འབྱེད་དེ་འབྲུ་རིགས་གཙོ་བོའི་ཁྱབ་བརྡལ་ལ་གཟབ་ནན་བྱ་དགོས་པར་མ་ཟད། བདེ་འཇགས་དང་ཡིད་ཆེས་དམིགས་སུ་འཛིན་པ་རྒྱུན་འཁྱོངས་བྱ་དགོས། གསུམ། ལྟ་སྐུལ་ནན་མོ་བྱ་དགོས། ལས་བགོས་དང་འགན་ལེན་གྱི་སྒྲིག་ལུགས་གཏན་འཁེལ་བྱ་དགོས། འབྲེལ་ཡོད་ཚད་ཐིག་གཏན་འཁེལ་དང་འཐུས་ཚང་དུ་གཏང་སྟེ་མངོན་གསལ་གྱི་སྒྲིག་ལུགས་འཛུགས་སྐྲུན་དང་། འཛད་སྤྱོད་པའི་རྒྱུས་མངའི་དབང་ཆ་དང་བདམས་གསེས་ཀྱི་དབང་ཆ་ལ་འགན་སྲུང་བྱ་དགོས། དེ་མིན་ཕྱོགས་སོ་སོའི་ལྟ་སྐུལ་བརྒྱུད་དེ་དོ་དམ་ལ་ཤུགས་སྣོན་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1