ལི་ཁེ་ཆང་གིས་ཐེ་ལན་དིའི་ཕྱི་འབྲེལ་པུའུ་ཀྲང་ཏོན་པཱ་མ་ཝེ་ནེ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-10



  སྤྱི་ཟླ་10པའི་ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧེ་ནས་ཐེ་ལན་དིའི་ཕྱི་འབྲེལ་པུའུ་ཀྲང་ཏོན་པཱ་མ་ཝེ་ནེ་དང་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་ཀྲུང་གོ་དང་ཐེ་ལན་དི་ལ་མཛའ་འབྲེལ་ཟབ་མོ་ཆགས་ཡོད་ལ། ཀྲུང་གོའི་ཕྱོགས་ནས་ཐེ་ནལ་དི་བར་གྱི་སྲོལ་རྒྱུན་མཛའ་འབྲེལ་གཏན་འཇགས་སུ་བཏང་ནས་ཁྱབ་ཁོངས་སོ་སོའི་འབྲེལ་འདྲེས་དང་མཉམ་ལས་ལ་ཇུས་འགོད་བཟང་པོ་བྱ་བ་དང་། འབད་པ་ཆེན་པོས་མཉམ་ལས་མཉམ་རྒྱལ་དང་སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཅེས་བསྟན།

  ལི་ཁེ་ཆང་གིས་མིག་སྔར་ཀྲུང་གོའི་དཔལ་འབྱོར་རྣམ་པ་གསར་པ་ཞིག་ཏུ་སླེབས་ཤིང་། ང་ཚོས་ཧུར་ཐག་སྒོས་རྣམ་པ་གསར་པར་བབ་སྟུན་བྱས་ཏེ་ཤུགས་ཆེན་པོས་གསར་གཏོད་འཕེལ་རྒྱས་ཀྱི་ཐབས་ཇུས་ལག་བསྟར་དང་སྲོལ་རྒྱུན་ཐོན་ལས་ཀྱི་བཅོས་བསྒྱུར་རིམ་འཕར་དུ་བཏང་བའི་དུས་མཚུངས་སུ་ཐོན་ལས་གསར་པ་དང་ལས་རིགས་གསར་པར་ཁོར་ཡུག་ལེགས་པོ་བསྐྲུན་པར་མ་ཟད། དཔལ་འབྱོར་འཕེལ་རྒྱས་དང་སྐུལ་ཤུགས་གསར་པ་གསོ་སྐྱོང་བྱ་ངེས། འདིས་ཀྱང་ཐེ་ལན་དི་འདུ་བའི་འཛམ་གླིང་གི་ས་ཁུལ་སོ་སོ་དང་རྒྱལ་ཁབ་སོ་སོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་བསྐྲུན་ངེས་ཞེས་བསྟན།

  ཏོན་པཱ་མ་ཝེ་ནེ་ཡིས་ཐེ་ལན་དིའི་ཕྱོགས་ནས་ཀྲུང་གོ་བར་གྱི་མཛའ་འབྲེལ་ལ་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ལྕགས་ལམ་མཉམ་ལས་ལ་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོ་དང་མཉམ་དུ་འབད་པ་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་ལྕགས་ལམ་མཉམ་ལས་སྔ་མོ་ནས་ལས་འགོ་ཚུགས་པ་དང་རྒྱལ་ཁབ་གཉིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་ངེས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1