ཧྥ་རན་སིའི་འཕྲིན་སྦྱོར་ཁག་ནས། ཚན་རིག་པས་ཀླད་ཆེན་གྱི་གྲངས་གཞིའི་རི་མོ་བྲིས་ནས། དབང་རྩ་མཐེབ་ཁྲི་4000མངོན་པར་བསྟན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-13


   སི་ཝེས་ཙེར་གྱི་ཞིབ་འཇུག་མི་སྣས་སྣེ་ཁྲིད་དེ་སྤོབས་སེམས་ཆེན་པོའི་ངང་རྣམ་གྲངས་ཤིག་ལག་བསྟར་བྱས་པ་དང་། དེའི་དམིགས་ཡུལ་ནི་ཀླད་ཆེན་གྱི་གྲངས་གཞིའི་རི་མོ་འབྲི་རྒྱུ་དེ་རེད། གཟའ་ཕུར་བུའི་ཉིན་རྣམ་གྲངས་དེའི་གྲུབ་འབྲས་ཁག་དང་པོ་ཡོངས་བསྒྲགས་བྱས་ཤིང་། རྙོག་འཛིང་ཧ་ཅང་ཆེ་བའི་ཀླད་ཆེན་གྱི་ལམ་ཐིག་འགྲེམས་སྟོན་བྱས།།ཨ་རིའི་《ཕྲ་ཕུང》དུས་དེབ་ཀྱིས་ཡོངས་བསྒྲགས་བྱས་པའི་ཞིབ་འཇུག་སྙན་ཞུའི་དེའི་ནང་། རྩིས་འཁོར་གྱིས་སླར་ཡང་བྱི་ཕྲུག་གི་ཀླད་ཆེན་པགས་རིམ་སྟོན་པའི་ཐོག་མའི་དཔྱད་ཡིག་ནང་དབང་རྩའི་ཕྲ་ཕུང་31000ལྷག་དང་། ཕྲ་ཕུང་རིམ་པ་55དང་མི་འདྲ་བར་རིགས་གསར་དབང་རྩའི་ཕྲ་ཕུང་207བཅས་འདུས་ཡོད།རྣམ་གྲངས་དེ་ནི་རྒྱལ་ཁབ་12ཀྱི་ཚན་ཞིབ་མི་སྣ་82ཞུགས་ཡོད་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཡི་ཆ་ཤས་ཤིག་ཡིན། གྲོས་གཞི་དེའི་མིང་ལ་མཐིང་ཀླད་འཆར་གཞི་ཞེས་འབོད་པ་དང་། གཙོ་ཁྲིད་མཁན་ནི་ལོ་སེང་རྒྱལ་ཕྲན་མཉམ་འབྲེལ་གྱི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཡིན།

  

     ཀླད་ཆེན་པགས་རིམ་གསར་པའི་གྲངས་གཞིའི་གཏུབ་ལྷེབ་ཀྱིས་ཀླད་ཆེན་གྱི་དབང་རྩ་ཁྲི་4000ལྷག་དང་དེ་བཞིན་ཀླད་པའི་ཕྲ་ཕུང་ཁག་བར་གྱི་འབྲེལ་མཐུད་གྲུབ་གཞི་2000གསལ་པོར་མཚོན་ཡོད།རྣམ་གྲངས་དེ་བརྒྱུད། ཞིབ་འཇུག་མི་སྣས་ཕྲ་ཕུང་གི་རང་ངོས་ཀྱི་གློག་གཏོང་ཚིགས་འགྲོས་སྤྱད་དེ་ཕྲ་ཕུང་རིགས་ཧ་ཅང་མང་པོ་གཏན་འཁེལ་བྱས་པ་རེད།

    ཞིབ་འཇུག་མི་སྣས་གྲངས་རིག་དཔེ་རྣམ་སྤྱད་དེ་ཕྲ་ཕུང་གི་འགུལ་བསྐྱོད་སྤེལ་སྟངས་ལ་ལད་ཟློས་བྱས་པ་དང་། དེའི་ཞིབ་འཇུག་གི་དམིགས་ཡུལ་ནི་གྲངས་གཞིའི་བྱེད་སྟངས་ཀྱིས་ཀླད་ཆེན་གྱི་ལམ་ཐིག་མ་ལག་གི་འཁོར་སྐྱོད་བྱེད་སྟངས་ལད་ཟློས་བྱེད་པ་དེ་ཡིན། ཞིབ་འཇུག་ལས་མིས་གསར་རྟོགས་བྱུང་བར། ཀལ་གྱེས་རྡུལ་བསྒྱུར་བཀོད་གཏོང་བ—— ཀལ་གྱེས་རྡུལ་གྱིས་དབང་རྩའི་བརྒྱུད་སྤྲོད་ལ་ནུས་པ་ངེས་ཅན་ལྡན—— དེ་ཡི་འདུས་ཚད་ནི་ཀླད་ཆེན་གྱི་འགུལ་སྐྱོད་ལ་འགྱུར་ལྡོག་བྱེད་པའི་གནད་འགག་ཀྱང་ཡིན།མཐིང་ཀླད་འཆར་གཞིའི་འགན་ཁུར་བ་ཧེང་ལི་མ་ཁུ་ལ་མུའུ་ཡིས་བཤད་རྒྱུར། འདི་ནི་ཡང་བསྐྱར་སྡེབ་སྒྲིག་བྱས་ནས་དམིགས་འཛུགས་ལས་འགན་དེ་གཙོ་གནད་དུ་བཟུང་ནས་ལེགས་སྒྲུབ་བྱས་པའི་རྩིས་འཁོར་སྒྲིག་གཅོད་ཆས་ཤིག་དང་མཚུངས་ཟེར།མ་ཁུ་ལ་མུའུ་ཡིས་ཡང་བཤད་རྒྱུར། ཚན་རིག་པ་རྣམས་ཀྱིས་སྔར་བས་ཡང་དག་པའི་སྒོ་ནས་ཀླད་ཆེན་གྱི་འཁོར་སྐྱོད་བྱེད་སྟངས་ལ་གོ་བ་ལེན་པར་སླད་ཕྱིན་ད་དུང་ལས་ཀམང་པོ་སྒྲུབ་དགོས་ཟེར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1