2015ལོའི་ནོའུ་པེར་ཞི་བདེ་གཟེངས་རྟགས་ཐོ་ནི་སི་རྒྱལ་ཡོངས་གླེང་མོལ་ཚོགས་པར་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-13


   སྤྱི་ཟླ་10པའི་ཚེས་9ཉིན་གྱི་སྔ་དྲོའི་ཆུ་ཚོད་11སྟེང་། 2015ལོའི་ནོའུ་པེར་ཞི་བདེ་གཟེངས་རྟགས་ཐོ་ནི་སི་རྒྱལ་ཡོངས་གླེང་མོལ་ཚོགས་པར་ཐོབ་པ་ཁྱབ་བསྒྲགས་བྱས། 

  ཐོ་ནི་སི་རྒྱལ་ཡོངས་གླེང་མོལ་ཚོགས་པ་ནི་ཐོ་ནི་སི་ཡི་གལ་ཆེ་བའི་རྩ་འཛུགས་བཞིས་གྲུབ་པ་ཡིན། དབུས་རྒྱུད་དང་ཧྥེ་གླིང་བྱང་མའི་སྤྱི་ཚོགས་ཟང་ཟིང་དུ་གྱུར་རྗེས། རྩ་འཛུགས་འདིས་འབད་པའི་འོག་ཞི་བདེ་ཡི་ཆབ་སྲིད་བརྒལ་མངོན་གྱུར་བྱུང་ཞིང་། དུས་ཡུན་ཐུང་ངུའི་ནང་ཁྲིམས་ཀྱི་མ་ལག་སྒྲིག་འཛུགས་དང་མི་དམངས་ཡོངས་ཀྱི་རྩ་བའི་ཁེ་དབང་ལ་འགན་སྲུང་བྱས། 

  རྒྱུས་ལོན་བྱས་པ་ལྟར་ན། ད་ལོའི་ནོའུ་པེར་གཟེངས་རྟགས་ཨུ་ཡོན་ལྷན་ཁང་ལ་འབྱོར་བའི་འོས་མི་བསྡོམས་པའི་273ལས་68ནི་རྩ་འཛུགས་འོས་མི་ཡིན་པ་དང་205ནི་མི་སྒེར་འོས་མི་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1