དཔལ་འབྱོར་རིག་པའི་ཆེད་རམས་པ་ཏི་ཏུན་ལ་2015ལོའི་ནོར་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-13


   འདི་ནི་སྤྱི་ཟླ་10ཚེས་12ཉིན་སི་ཝེས་དན་གྱི་རྒྱལ་ས་སི་ཐོག་ཁོར་མོ་ནས་པར་བླངས་པའི་2015ལོའི་ནོར་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་ཨན་གེ་སི་ཏི་ཏུན་གྱི་དཔྱད་གཞིའི་ཡིག་རིགས་འདྲ་པར་ཡིན། ཚེས་12ཉིན་སུའེ་ཏེན་གོང་མ་ཚང་གི་ཚན་རིག་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། 2015ལོའི་དཔལ་འབྱོར་རིག་པའི་ཆེད་རམས་པ་ཨན་གེ་སི་ཏི་ཏུན་ལ་ནོར་པེར་དཔལ་འབྱོར་རིག་པའི་བྱ་དགའ་སྤྲད་ཅིང་། ཁོང་གིས་འཛད་སྤྱོད་དམ་དབུལ་ཕོངས་དང་ཕན་བདེའི་ཐད་ལ་བཞག་པའི་ཞིབ་འཇུག་གི་བྱས་རྗེས་ལ་གཟེངས་བསྟོད་བྱས་པ་ཡིན། 

   ཏི་ཏུན་ནི་སྤྱི་ལོ་1945ལོར་དབྱིན་ཇིའི་ཨའེ་ཏིང་པའོ་ནས་སྐྱེས་ཤིང་། 1974ལོར་དབྱིན་ཇིའི་ཅན་ཆའོ་སློབ་ཆེན་གྱི་འབུམ་རམས་པའི་སློབ་གནས་ཐོབ། ད་ལྟ་ཨ་རིའི་ཕུ་རེན་སི་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་གནང་བཞིན་ཡོད། ཁོ་ལ་དབྱིན་ཇི་དང་ཨ་རིའི་རྒྱལ་ཁོངས་ཀྱི་ཐོབ་ཐང་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1