༄༅། ། ཅི་ཞིག་ལ་མཚན་མཐུན་འདོད་པ་ཟེར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-14


  སྤྱིར་དེང་སང་མཚན་མཐུན་ཞིབ་འཇུག་འགའ་རེས་བཤད་ན། མཚན་མཐུན་གྱི་འདོད་པར་རོལ་བ་དེ་མི་ཞིག་གིས་རང་ཉིད་ཀྱི་གཉུག་མར་གནས་པའི་སེམས་ཀྱི་ངོ་བོར་འཚོལ་ཞིབ་བྱས་བའི་སྐབས་སུ་ད་གཟོད་རང་ཉིད་ནི་རང་དང་མཚན་རྟགས་མཐུན་པ་སྟེ། ཕོ་ཡིན་ན་ཕོ་དང་མོ་ཡིན་ན་མོའི་བར་འདོད་པ་རོལ་མཁན་ཞིག་ཡིན་པ་རྟོགས་སད་བྱུང་བ་ལས་དར་བ་ཞིག་ཡིན་པར་བཤད་ལ། དེར་འགོག་རྒོལ་དང་ཟུར་ཟ་བྱེད་པ་དེ་འགྲོ་བ་མིའི་ཐོབ་ཐང་དང་རྒྱབ་ཏུ་འགལ་བའི་བྱ་སྤྱོད་ཅིག་ཏུ་བརྩི་བཞིན་ཡོད་པར་མ་ཟད།1990ལོའི་ཟླ་5པའི་ཚེས་17ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚན་མཐུན་གྱི་འདོད་པར་རོལ་མཁན་དེ་སྨྱོ་ནད་ཅན་གྱི་མིང་ཐོ་ནག་པོ་ལས་བཤུས་པ་ནས་བཟུང་། འཛམ་གླིང་གི་ཡུལ་གྲུ་སོ་སོར་ཆུ་ཡན་བཞིན་ཁྱབ་བཞིན་ཡོད་ལ། རྒྱལ་ཁབ་མང་པོ་ཞིག་གིས་མཚན་མཐུན་པའམ་མཚན་མཐུན་གཉེན་བསྒྲིག་བྱ་བའང་ཁྲིམས་མཐུན་དུ་བརྩིས་ཡོད་པ་རེད།

  ཀྲུང་གོ་རྒྱལ་ཁབ་ལ་མཚོན་ན་ཁྲིན་ཏུའུ་གྲོང་ཁྱེར་ནི་མཚན་མཐུན་མི་སྣའི་བསྟི་གནས་ལྟ་བུར་གྱུར་ཡོད་ཅིང་། ཁྲིང་ཏུའུ་གྲོང་ཁྱེར་ནི་ཀྲུང་གོའི་ནུབ་རྒྱུད་གྲོང་ཁྱེར་ལས་མཚན་མཐུན་མི་སྣ་ཆེས་མང་བའི་ས་ཁུལ་ཡིན་ཞིང་།ད་ཡོད་མཚན་མཐུན་མི་སྣ་འབུམ་གཉིས་ལ་སླེབས་ཡོད་ཅེས་བཤད། དེ་བཞིན་དུ་མཚན་མཐུན་མི་སྣའི་གྲས་སུ་ཨེ་ཛི་སྔོན་འགོག་བྱེད་པ་སོགས་དང་འབྲེལ་བའི་ཚོགས་པའང་མང་པོ་བཙུགས་ཡོད་ལ། ཚོགས་པ་རེ་ཟུང་གི་ནུས་པ་ཤིན་ཏུ་ཆེ་བས་སྐབས་རེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་སོགས་ཀྱང་གདན་འདྲེན་བྱ་ནུས་པའི་གལ་ཆེའི་ཚོགས་འདུ་དང་ཨེ་འགོག་བྱེད་སྒོའང་མང་པོ་སྤེལ་བཞིན་ཡོད་པ་རེད།

  ཡིན་ནའང་། སྤྱི་ལོ་1981ལོར་འཛམ་གླིང་གི་ཨེ་ཛི་ནད་པ་ཐོག་མ་སྟེ། ཨ་རི་རྒྱལ་ཁབ་ནས་གསར་རྙེད་བྱུང་བའི་ཨེ་ཛི་ནད་དུག་ཅན་བཞི་པོ་ཚང་མ་མཚན་མཐུན་གྱི་འདོད་པ་སྤྱོད་མཁན་རྐྱང་རྐྱང་ཡིན་པའི་གསར་འགྱུར་བསྒྲགས་པ་ནས་1991ལོར་ཇོན་མིག་འཕྲུལ་བའམ་ཨུར་བེན་ཇོན་སེན་ཟེར་བར་ཨེ་ཛི་འགོས་པ་ཁྱབ་སྒྲོག་མ་བྱས་པའི་བར་ཏུ། ཨ་རིའི་མི་སེར་མང་པོ་ཞིག་གིས་ཨེ་ཛི་ནི་མཚན་མཐུན་པ་རྐྱང་རྐྱང་ལ་འགོ་བའི་ནད་དུག་ཅིག་ཡིན་པར་སྙམ་མྱོང་བ་ནང་ལྟར། མཚན་མཐུན་གྱི་འདོད་པར་རོལ་མཁན་ལ་ནི་ཨེ་ཛི་ནད་དུག་འགོ་ཉེན་ཤིན་ཏུ་ཆེ་བའི་མི་ཚོགས་ཤིག་ཡིན། རྒྱུ་མཚན་ནི་ཁོང་ཚོས་བགྲོད་བྱ་མ་ཡིན་པ་སྟེ།  ཁ་ནང་དང་བཤང་སྒོ་སོགས་སུ་ལུས་འབྲེལ་བྱེད་པ་དང་། འགྱིག་ལས་བཟོས་པའི་འདོད་ཆས་སོགས་མཉམ་སྤྱོད་བྱེད་བཞིན་ཡོད་པས་ཨེ་ཛི་འགོ་ཉེན་ཤིན་ཏུ་ཆེན་པོ་ཡོད་པར་བཤད། ལྷག་པར་དུ་ཕོ་དང་ཕོས་བར་ཕན་ཚུན་བཤང་སྒོ་སོགས་སུ་འདོད་པ་སྤྱད་པ་ཡིན་ན། ཨེ་ཛི་ནད་དུག་ཅན་གྱི་ལུས་ཐོག་ནས་གཞན་ལ་ཨེ་ཛི་ནད་དུག་བསྒོ་ཉེན་ཤིན་ཏུ་ཆེ་བ་ཡིན་པས། གལ་ཏེ་འཕྲོད་བསྟེན་གྱི་འདུ་ཤེས་དམའ་ཞིང་། འཕྲོད་བསྟེན་གྱི་སྒྲིག་ཆས་དང་སྨན་ཆས་སོགས་ཀྱིས་དབུལ་བའི་བོད་ཡུལ་ལ་མཚན་མཐུན་གྱི་འདོད་པ་སྤྱོད་མཁན་དང་མཚན་མཐུན་བར་ཕན་ཚུན་བརྩེ་བ་མེད་རུང་འདོད་པ་སྐོང་རོགས་བྱ་མཁན་ཡོད་ན་ནི་ངེས་པར་ཏུ་དོགས་ཟོན་དང་ཨེ་འགོག་གི་འདུ་ཤེས་བསྐྱེད་བསྲིང་ལེགས་པོ་བྱ་དགོས་སྙམ་གྱི་ཡོད། རྒྱུ་མཚན་ནི། དེ་ནི་ཕྱི་ཕྱོགས་ཀྱི་རིག་གནས་ཤིག་ཡིན་པ་ལས་བོད་རང་གི་རིག་གནས་མ་ཡིན་ལ། ཕྱི་ཕྱོགས་ཀྱི་རིག་གནས་ལ་མཁོ་བ་དང་མི་མཁོ་བ་ཀུན་ཏུ་ཡོད་པས། མི་རིགས་ཀྱི་འཕེལ་རྒྱས་དང་། རང་གཞན་གྱི་བདེ་ཐང་ལ་གནོད་པའི་རིག་གནས་དེ་དག་ནང་འདྲེན་དགོས་དོན་ཅི་ཡང་མེད། ད་དུང་ཆོས་ཕྱོགས་ནས་བཤད་ན་མཚན་མཐུན་གྱི་འདོད་པར་རོལ་བ་ནི་ལོག་པར་གཡེམ་པའང་ཡིན་པས། རང་གཞན་གྱི་ཚེ་ཕྱི་མར་བསམ་བློ་བཏང་ནའང་སྐུལ་སློང་བྱ་མི་འོས་པའི་སྤྱོད་ལམ་ཞིག་ཡིན་པར་བསམ་ཡོད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1