ལྷ་གླང་ལ་དད་བཀུར་བྱེད་པའི་རྒྱ་གར་བ་ཡིས་གླང་འཛིང་ཡང་རྩེད་སྲིད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-14


     ནོར་ནི་མཆོག་ཏུ་བརྩི་བའི་རྒྱ་གར་བ་ནི་མ་གཞི་ནས་སྲོག་ཆགས་ཀྱི་ཁེ་དབང་དར་སྤེལ་གཏོང་མཁན་ཡིན་པར་བསྟོད་བསྔགས་བྱེད་བཞིན་ཡོད་མོད། འོན་ཀྱང་པར་ལེན་གསར་འགོད་པ་Selvaprakash Lakshmananཡི་པར་རིས་སྐོར་ཞིག་གིས་རྐྱེན་པས་ཁོང་ཚོར་སེམས་ཁྲལ་སློང་བ་རེད།ཁོང་གིས་རྒྱ་གར་ལྷོ་རྒྱུད་ཀྱི་ཆོས་ལུགས་གནས་མཆོག་མ་ཏོ་ལེ་ཡི་གནའ་བོའི་དུས་ཆེན་རིང་ལ་པར་ཆས་ཀྱིས་གླང་གོག་ཤེད་རྩལ་བྱ་འགུལ་(Jallikattu) དང་དེ་དང་འབྲེལ་ཡོད་ཀྱི་མཛད་སྒོ་རབ་དང་རིམ་པ་པར་རིས་ཟིན་ཐོར་བཀོད།

     ཟླ་དང་པོ་ནི་ས་གནས་དེ་གའི་འབྲས་བུ་བཞད་པའི་དུས་ཚིགས་ཡིན་ལ། གླང་གོག་ཤེད་རྩལ་བྱ་འགུལ་འཚོག་རྒྱུའི་དུས་ཚོད་ཀྱང་ཡིན། ལུས་རྩལ་རྣམ་གྲངས་འདིར་ཧ་ལམ་ལོ་ངོ་ཉིས་སྟོང་ཙམ་གྱི་ལོ་རྒྱུས་ཡོད། དེ་ལ་ས་གནས་ཀྱི་འགོ་ཁྲིད་ལས་གྲུབ་པའི་ཨུ་ཡོན་ལྷན་ཁང་གིས་རོལ་རྩེད་ཀྱི་སྒྲིག་སྲོལ་དང་བྱ་དགའི་དངུལ་གྲབས་གསོག་སོགས་ཐག་གཅོད་བྱེད་པ་རེད།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1