ཨ་སྐྱབས་དར་རྒྱས་ལ་སྐབས་དྲུག་པའི་སི་ཁྲོན་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་གསར་རྩོམ་གྱི་གཟེངས་རྟགས་ཐོབ།

འོད་ཟེར་གྱིས་བྲིས། རྩོམ་སྒྲིག་པ།འོད་ཟེར།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 10-15


  སྤྱི་ཟླ་5པའི་ཚེས་28ཉིན། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐབས་བདུན་པའི་ཀྲུའུ་ཞིའི་ཚོགས་པས་ཐེངས་དགུ་པའི་གྲོས་ཚོགས་སྟེང་སྐབས་དྲུག་པའི་སི་ཁྲོན་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་གསར་རྩོམ་ལ་གཟེངས་རྟགས་གནང་རྒྱུའི་གྲོས་འཆམ་བྱུང་། 2012ལོའི་ཟླ་དང་པོའི་ཚེས་1ནས་2014ལོའི་ཟླ་12པའི་ཚེས་31བར་ལ་ཚད་ལྡན་དུས་དེབ་སྟེང་སྤེལ་བའི་རྩོམ་ཡིག་དག་ལས་བདམས་ཐོན་བྱུང་བའི་ཕུལ་བྱུང་བརྩམས་ཆོས་རེར་གཟེངས་རྟགས་དམངས་སྒོར་ཁྲི་2རེ་གནང་རྒྱུར་ཐག་བཅད།  འགྲན་ཞུགས་རྩོམ་ཡིག་དག་ལ་སི་ཁྲོན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཆེད་རམས་པའི་ཚོ་ཆུང་བཙུགས་ཏེ། སྤྱི་བསྒྲགས་དང་འདྲ་མཉམ། དྲང་བདེན་གྱི་རྩ་དོན་གཞིར་བཟུང་ནས་དཔྱད་བསྡུར་བྱས་པར་བརྒྱུད། ཕ་ཡུལ་གསེར་རྟ་ནས་ཡིན་པའི་ན་གཞོན་རྩོམ་པ་པོ་ཨ་སྐྱབས་དར་རྒྱས་ལགས་ཀྱིས་2013ལོར་《སྦྲང་ཆར》དུས་དེབ་ཏུ་བཀོད་པའི་སྒྲུང་ཐུང་《གཡག་རོག་རོག》ལ་སྐབས་དྲུག་པའི་སི་ཁྲོན་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་གསར་རྩོམ་གྱི་གཟེངས་རྟགས་ཐོབ་པ་སྤྱི་བསྒྲགས་བྱས། གཟེངས་རྟགས་གནང་བའི་མཛད་སྒོ་དེ་2015ལོའི་ཟླ་12པར་སྤེལ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1