ཨུ་རུ་སུའི་ཁ་ལོ་བས་བརྗིད་ཆགས་ཡིད་དབང་འཕྲོག་པའི་དགུ་ཚིགས་ཀྱི་རི་མོ་པར་དུ་བླངས་ཤིང་སྐར་ཚོགས་ཀྱིས་བརྒྱན་པའི་ནམ་མཁའི་མཛེས་ཉམས་འགྲེམ་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-15


    དབྱིན་ཇིའི་《ཉིན་རེའི་སྦྲག་ཏར་ཚགས་པར།》ཐོག་ཟླ་10པའི་ཚེས་11ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ལོ་30 ལ་སླེབས་པའི་ཨུ་རུ་སུའི་སྨན་བཅོས་སྲོག་སྐྱོབ་རླངས་འཁོར་གྱི་ཁ་ལོ་བ་པོ་ལི་སི་ཏེ་མེ་ཐེ་ལི་ཡེ་ཧྥུའུ་(Boris Dmitriev) ཨུ་རུ་སུའི་སྤང་ལྗོངས་དང་ཀུ་ལུའོ་ཇི་ཡ་རི་ཁྲོད་དུ་ཡུལ་སྐོར་བྱེད་སྐབས། མི་རྣམས་ཧང་སངས་དགོས་པའི་དགུ་ཚིགས་ཀྱི་རི་མོ་སྐོར་ཞིག་པར་ལེན་ཐུབ་པ་བྱུང་། གནམ་དྭངས་བའི་མཚན་མོའི་ཡིད་དབང་འཕྲོག་པའི་མཛེས་ཉམས་འགྲེམ་སྟོན་བྱས།
 
    པོ་ལི་སིས་བཤད་རྒྱུར། མཚན་མོར་པར་ལེན་བྱ་བའི་ཆེས་བཟང་བའི་ཆ་དེ་ནི་རང་བྱུང་ངམ་བར་སྟོང་དང་མཉམ་གནས་བྱེད་པའི་གོ་སྐབས་ཡག་ཤོས་ཡིན་པ་དང་། མིའི་རིགས་ཀྱི་ལྟ་ཚུལ་གྱིས་བར་ཆད་མི་ཐེབས་པ་དེ་རེད། ང་པར་རིས་དེ་དག་ལ་ཧ་ཅང་དགའ་བའི་རྒྱུ་མཚན་ནི་དེ་ཚོར་བལྟས་པ་ན་རང་བྱུང་ལས་འདས་པའི་སྣང་ཚུལ་ཞིག་ལ་འདྲ་ཞིང་། འཇིག་རྟེན་གྱི་ཆ་ཤས་ཤིག་ཡིན་པ་དང་འཇིག་རྟེན་དང་བར་ཐག་སྔར་བས་ཉེ་བའི་སྣང་བ་ཞིག་སྟེར་བ་རེད། །
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1