སྟོན་དུས་ཀྱི་ཧྲུའུ་ཨར། འཆར་ཡན་གྱི་སྨུག་རྩྭ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-16


   བད་ནག་རྗེས་ཀྱི་སྟོན་ཆར་ཞིག་གིས་བྱང་ཁོ་རེ་ཡའི་སེ་འུལ་གྱི་སྟོན་མཇུག་གི་འགོ་དངོས་སུ་ཚུགས་པ་མཚོན་ཡོད། དྲོད་ཚད་དམའ་རུ་ཕྱིན་པ་དང་ལོ་མ་གཅིག་རྗེས་གཉིས་མཐུད་དུ་སར་ལྷུང་། ལོ་གཅིག་དུས་གཅིག་གི་ཧྲུའུ་ཨར་སྨུག་རྩྭའི་རྟེན་འབྲེལ་མཛད་སྒོ་དེ་ཡང་སྟོན་མཇུག་གི་དུས་ཚིགས་སུ་དུས་ཐོག་ཏུ་ཐོན་ཡོང་།


སེ་འུལ་སྨུག་རྩྭའི་རྟེན་འབྲེལ་མཛད་སྒོ་ནི་སེ་འུལ་གྱི་ཚབ་མཚོན་རང་བཞིན་ཆེས་ཆེར་ལྡན་པའི་སྟོན་དུས་ཀྱི་རྟེན་འབྲེལ་བྱེད་སྒོ་ཞིག་ཡིན། 2002ལོ་ནས་བཟུང་། ད་ལྟའི་བར་དུ་ལོ་ངོ་14ཡི་ལོ་རྒྱུས་ལྡན། ལོ་ལྟར་ཟླ་བཅུ་པའི་ཟླ་དཀྱིལ་དུ་གྲོང་མི་མང་པོ་གཅིག་རྗེས་གཉིས་མཐུད་ངང་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ནམ་མཁའ་སྤྱི་གླིང་དུ་ཕེབས་ནས། རི་མགོར་གང་བའི་སྨུག་རྩྭའི་བརྗིད་ཆགས་རྣམ་པར་གཟིགས་པ་རེད། ད་ལོའི་སེ་འུལ་གྱི་སྨུག་རྩྭའི་རྟེན་འབྲེལ་མཛད་སྒོ་ནི་ཟླ་10པའི་ཚེས་10ཉིན་འགོ་ཚུགས་པ་དང་། བསྡོམས་པས་ཉིན་8ལ་རྒྱུན་མཐུད་བྱས་ཡོད། 
    སྔོན་ཆད་དང་འདྲ་བར། རྟེན་འབྲེལ་མཛད་སྒོའི་སྐབས་སུ་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་མཁའ་དབྱིངས་སྤྱི་གླིང་གི་སྒོ་ཕྱེ་བའི་དུས་ཚོད་དགོང་མོའི་ཆུ་ཚོད་10བའི་བར་དུ་ཕྱིར་འགྱངས་གཏོང་བ་དང་། ཡུལ་སྐོར་བ་རྣམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ནུབ་ཁའི་ཉི་མ་སྨུག་རྩྭ་དང་དེ་བཞིན་ཧན་ཅང་མཚན་ལྗོངས་ལ་མྱོང་རོལ་ཐུབ་པར་མ་ཟད།  ད་དུང་ངོ་མཚར་བའི་གློག་འོད་ཀྱི་ལྟད་མོར་གཟིགས་མོར་བྱས་ཆོག དེ་ལས་གཞན། སྤྱི་གླིང་ནང་དུ་ད་དུང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་བ་དང་། ཁྱེད་ལ་ཕྱོགས་གང་ཅིའི་ཐད་ནས་སྟོན་དུས་ཀྱི་ཧྲུའུ་ཨར་གྱི་འཆར་ཡན་ལ་མྱོང་ཚོར་བྱེད་དུ་འཇུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1