ཞིན་ཁོའོ་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་བརྩམས་ཆོས་བྷེ་ལ་རུ་སུའི་སློབ་མའི་ངེས་སྦྱོང་གི་སློབ་ཚན་ཐོག་བསྐྱར་དུ་ལོག་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-19


    ཐཱ་སི་གསར་འགྱུར་ཁང་ནས་སྤྱི་ཟླ་10པའི་ཚེས་15ཉིན་གནས་ཚུལ་སྤེལ་བར་གཞིགས་ན།བྷེ་ལ་རུ་སུའི་སློབ་གསོ་པུའུ་ཡི་པུའུ་ཀྲང་སྨི་ཧ་དབྱི་ཨར་རོ་ལ་ཧྥུའུ་ཁུ་ཧྥུའུ་ཡིས་བཤད་དོན། 2015ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་སི་ཝེ་ཐུ་ལན་ན་ཨ་ལེ་ཁུ་ཤེ་ཡེ་ཝེ་ཆིས་ཀྱི་བརྩམས་ཆོས་བསྐྱར་དུ་བྷེ་ལ་རུ་སུའི་སློབ་རིམ་མཐོ་བའི་སློབ་མའི་ངེས་སྦྱོང་གི་སློབ་ཚན་ཁོངས་སུ་བཅུག་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དུས་རབས་ཉེར་གཅིག་པའི་དུས་མགོར་ཨ་ལེ་ཁུ་ཤེ་ཡེ་ཝེ་ཆིས་ཀྱི་བརྩམས་ཆོས་སྐོར་ངེས་སྦྱོང་སློབ་ཚན་གྱི་ནང་ནས་མེད་པར་བཟོས།
    རོ་ལ་ཧྥུའུ་ཁུ་ཧྥུའུ་ཡིས་བཤད་དོན། ཨ་ལེ་ཁུ་ཤེ་ཡེ་ཝེ་ཆིས་ཀྱི་བརྩམས་ཆོས་ལོ་བཅུ་རིམ་པའི་ནས་བཅུ་གཅིག་པའི་བར་གྱི་སློབ་མའི་ངེས་སྦྱོང་གི་སློབ་ཚན་ནང་བཅུག་པ་རེད། ཁོང་གིས་ཁ་གསབ་བྱས་དོན། དེ་ཡང་ལོ་རིམ་དམའ་བའི་སློབ་མས་ཨ་ལེ་ཁུ་ཤེ་ཡེ་ཝེ་ཆིས་ཀྱི་བརྩམས་ཆོས་ལ་ཞིབ་འཇུག་བྱ་ན་དེ་འདྲ་འོས་འཚམ་མིན་པ་དང་། ཁོ་ཚོར་མཚོན་ན་བརྩམས་ཆོས་དེ་དག་ནི་ནང་དོན་ཧ་ཅང་ཟབ་མོ་རེད་འདུག
པུའི་པུའུ་ཀྲང་གིས་ད་དུང་བཏོན་དོན། བྷེ་ལ་རུ་སུའི་སྐད་བརྡ་རིག་པའི་སློབ་ཆེན་སློབ་མ་ཚང་མས་ཨ་ལེ་ཁུ་ཤེ་ཡེ་ཝེ་ཆིས་ཀྱི་བརྩམས་ཆོས་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་པ་རེད་ཟེར།
    སྤྱི་ཟླ་10པའི་ཚེས་8ཉིན། སུའེ་ཏེན་སློབ་གླིང་གིས་2015ལོའི་ལོ་འཁོར་གྱི་ནོ་པེར་རྩོམ་རིག་བྱ་དགའ་བྷེ་ལ་རུ་སུའི་བུད་མེད་རྩོམ་པ་པོ། གསར་འགོད་པ་སི་ཝེ་ཐུ་ལན་ན་ཨ་ལེ་ཁུ་ཤེ་ཡེ་ཝེ་ཆིས་ལ་སྤྲད་པ་དང་། ཁོང་གིས་དུས་རབས་འདིའི་སྡུག་བསྔལ་དང་སྙིང་སྟོབས་ལ་རྩོམ་འབྲི་བྱས་པར་གཟེངས་བསྟོད་གནང་བ་རེད།བྷེ་ལ་རུ་སུའི་སྲིད་འཛིན་ལུའུ་ཁ་ཧྲིན་ཁུ་ཡིས་ཁོ་མོར་བྱ་དགའ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་། ཁོ་མོར་བདེ་ཐང་དང་བདེ་སྐྱིད་ཡོང་བ་དང་། གྲུབ་འབྲས་གསར་པ་ཐོབ་པར་སྨོན་འདུན་ཞུས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1