སྣུམ་ཚོན་རི་མོ་བ་གྲགས་ཅན་ངག་དབང་གྲགས་པའི་སྒྱུ་རྩལ་བརྩམས་ཆོས་པེ་ཅིང་ནས་འགྲེམ་སྟོན་བྱེད་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-19


   སྣུམ་ཚོན་རི་མོ་བ་གྲགས་ཅན་ངག་དབང་གྲགས་པའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་དེ་2015ལོའི་ཟླ་10པའི་ཚེས་18ཉིན་ནས་ཟླ་11པའི་ཚེས་8ཉིན་བར་པེ་ཅིང་ལི་ཁི་རན་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་མཛེས་རྩལ་ཁང་ནས་འགྲེམ་སྟོན་བྱེད་འགོ་ཚུགས། 


 

  ངག་དབང་གྲགས་པ་ནི་ལོ་རབས་60པའི་ནང་བོད་ལྗོངས་ཆབ་མདོར་སྐྱེས་ཤིང་། ལོ་དྲུག་ནས་བཟུང་རི་མོ་སྦྱངས་འགོ་ཚུགས། སྤྱི་ལོ་1988ལོར་རི་མོ་བརྩམས་ཆོས་《མིང་མེད།》ཅེས་པ་ལ་བོད་ལྗོངས་རི་མོ་འགྲེམ་སྟོན་སྟེང་ཨང་དང་པོའི་གཟེངས་རྟགས་ཐོབ་པ་དང་། མཉམ་འབྲེལ་བརྩམས་ཆོས་《གསེམ་བུམ་དཀྲུགས་པ།》ཞེས་པར་བོད་ལྗོངས་ཇོ་མོ་གླང་མའི་རིག་རྩལ་གཟེངས་རྟགས་ཐོབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1