སྐབས་གཉིས་པའི་དག་གཙང་དཀར་མཛེས་ཞེས་པའི་རྒྱལ་སྤྱིའི་བརྙན་ལེན་འགྲེམ་སྟོན་ཆེན་མོའི་བྱེད་སྒོའི་འགོ་ཚུགས།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 10-28


  སྤྱི་ཟླ་10པའི་ཚེས་24ཉིན། དུང་དཀར་ལུང་བ་རྟགས་མའི་སྐབས་གཉིས་པའི་དག་གཙང་དཀར་མཛེས་ཞེས་པའི་རྒྱལ་སྤྱིའི་བརྙན་ལེན་འགྲེམ་སྟོན་ཆེན་མོའི་བྱེད་སྒོ་དེ་ཁྲེན་ཏུའུ་ནས་དངོས་སུ་འགོ་ཚུགས། ཐེངས་འདིའི་འགྲེམ་སྟོན་ལ་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཞེས་རིགས་གཉིས་སུ་བགར་ཡོད་ལ། གཟེངས་རྟགས་ཀྱི་སྤྱིའི་མ་དངུལ་ལ་དམས་སྒོར་ཁྲི་20ལྷག་ཡོད།

  ད་ལོ་ནས་བཟུང་དཀར་མཛེས་ཁུལ་གྱིས་བརྙན་ལེན་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་སྟེ་དཀར་མཛེས་བོད་ཁུལ་གྱི་ཤུགས་རྐྱེན་མཐོར་འདེགས་སུ་གཏང་པ་དང་། རྒྱལ་སྤྱིའི་གལ་ཆེ་བའི་རིག་གནས་ཐོན་རྫས་གྲགས་ཅན་དང་ཆེད་ལས་ཅན་གྱི་རྒྱལ་སྤྱིའི་བརྙན་ལེན་འགྲེམ་སྟོན་ཞིག་ཏུ་འགྱུར་བར་བརྩོན་པ་བྱས། 

  རྒྱུས་ལོན་བྱུང་བ་ལྟར་ན། བརྙན་ལེན་འགྲེམ་སྟོན་འདི་2015ལོའི་ཟླ་10ནས་འགོ་བརྩམས་ཤིང་2016ལོའི་ཟླ་10པར་མཇུག་བསྡུ་རྒྱུ་རེད། གཟེངས་རྟགས་ལ་གསེར་གྱི་རྟགས་མ་གཅིག་དང་། དངུལ་གྱི་རྟགས་མ་གཉིས། ཟངས་ཀྱི་རྟགས་མ་གསུམ། ཕུལ་བྱུང་གཟེངས་རྟགས་ཉི་ཤུ། བདམས་ཐོན་བྱུང་བའི་གཟེངས་རྟགས་ལྔ་བཅུ། དེ་མིན་གནམ་པར་ལ་མོས་པའི་བརྙན་ལེན་པར་སྐུལ་སློང་བྱ་ཆེད་དམིགས་སུ་བར་སྣང་གི་མཐོང་སྣེ་ཞེས་པའི་གཟེངས་རྟགས་ཤིག་གསར་དུ་བསྣན།

  ཀྲུང་གོའི་བརྙན་ལེན་མཐུན་ཚོགས་ཀྱི་ཚོགས་མིའི་དཔང་ཡིག་ཡོད་པའི་བརྙན་ལེན་པར་སྒོ་བྱང་གི་རིན་མི་དགོས་པར་དཀར་མཛེས་ཁུལ་གྱི་མཛེས་ལྗོངས་ཁུལ་དག་ནས་བརྙན་བླངས་ཆོག་དང་དེ་མིན་ད་དུང་རྒྱལ་ཁབ་ཕྱི་ནང་གི་བརྙན་ལེན་པ་རྩ་འཛུགས་བྱས་ཏེ་དཀར་མཛེས་ཁུལ་ནས་བརྙན་ལེན་གསར་རྩོམ་གྱི་བྱེད་སྒོ་སྤེལ་ཆོག ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1