སྐབས་བཅུ་གཅིག་པའི་པེ་ཅིང་དང་ཐོ་ཁེ་ཡོའི་བགྲོ་གླེང་ཚོགས་འདུ་པེ་ཅིང་ནས་དངོས་སུ་འཚོགས་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-28


  སྤྱི་ཟླ་10པའི་ཚེས་24ཉིན། སྐབས་བཅུ་གཅིག་པའི་པེ་ཅིང་དང་ཐེ་ཁེ་ཡོའི་བགྲོ་གླེང་ཚོགས་འདུ་པེ་ཅིང་ནས་དངོས་སུ་འཚོགས་འགོ་ཚུགས། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་བརྗོད་དོན་ནི་དཀའ་ངལ་དང་ཐབས་ཇུས། དུས་ཡུན་རིང་བའི་བདེ་ཐང་གཏན་འཇགས་ཀྱི་ཀྲུང་འཇའི་འབྲེལ་བ་ཇི་ལྟར་འཕེལ་རྒྱས་སུ་གཏོང་བ་དང་ཨེ་ཤ་ཡ་ཤར་མའི་འབྱུང་འགྱུར་དང་ཀྲུང་འཇར་གཉིས་ཀྱི་འདོན་དགོས་པའི་ནུས་པ་ཞེས་པ་ཡིན་ལ། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་པའི་སྡེ་དང་དཔལ་འབྱོར་པའི་སྡེ། རིག་གཞུང་པའི་སྡེ། འཕྲིན་སྦྱོར་པའི་འཐུས་མི་དང་ཆེད་རམས་པས་བགྲོ་གླེང་ཚོགས་འདུའི་སྐབས་ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར། འཕྲིན་སྦྱོར། ཁོར་ཡུག ཡུལ་སྐོར་སོགས་ཀྱི་ཐད་ལ་བགྲོ་གླེང་དུས་ཡུན་ཉིན་གཉིས་ལ་གནང་རྒྱུ་རེད། 

  ཚེས་24ཉིན་གྱི་སྔ་དྲོར་ཚང་འཛོམས་གྲོས་ཚོགས་མཇུག་རྫོགས་རྗེས་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་ཕྱི་འབྲེལ། བཟོ་ཚོང་། འཕྲིན་སྦྱོར། རིག་གནས། བདེ་འཇགས། དམིགས་བསལ་བགྲོ་གླེང་སོགས་ཡན་ལག་བརྗོད་དོན་ལྔར་བགར་ནས་བགྲོ་གླེང་གནང་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1