ཨབ་གྷན་སི་ཐན་གྱི་ས་འགུལ་ཁྲོད་མི་365རྐྱེན་ལམ་དུ་ཤོར་བ་དང་མི་2000ལ་རྨས་ཕོག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-29


  སྤྱི་ཟླ་10པའི་ཚེས་28ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས་26ཉིན་ཨབ་གྷན་སི་ཐན་གྱི་བྱང་ཤར་དུ་ཡོད་པའི་ཞིན་ཏོའོ་ཁོའོ་ཧྲི་ས་ཁུལ་ལ་ཚད་རིམ་7.8ཅན་གྱི་ས་འགུལ་བྱུང་། ཚེས་27ཉིན་གྱི་དགོང་མོའི་བར་བསྡོམས་པའི་མི་365རྐྱེན་ལམ་དུ་ཤོར་བ་དང་མི་2000ལྷག་ལ་རྨིས་ཕོག དེ་ལས་ཨབ་གྷན་སི་ཐན་གྱི་རྒྱལ་ཁོངས་སུ་གཏོགས་པའི་མི་115རྐྱེན་ལམ་དུ་ཤོར་བ་དང་ཕ་ཀི་སི་ཐན་རྒྱལ་ཁོངས་ཀྱི་མི་248རྐྱེན་ལམ་དུ་ཤོར། 

  ཨབ་གྷན་སི་ཐན་དང་ཕ་ཀི་སི་ཐན་གྱི་འབྲེལ་ཡོད་འགན་འཛིན་པའི་བཤད་པ་ལྟར་ན། ས་འགུལ་བྱུང་སའི་ས་ཁུལ་ས་མཐའ་ཡིན་པ་དང་འགྲིལ་འགྲུལ་སྟབས་བདེ་མིན་པས་མྱུར་སྐྱོབ་ལས་ཀར་དཀའ་ངལ་མང་པོར་འཕྲད་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1