དཀར་མཛེས་ཁུལ་གྱི་རྩོམ་པ་པོ་དར་རྒྱས་དང་བཀྲ་ཤིས།རྣམ་རྒྱལ་གསུམ་གྱི་བརྩམས་ཆོས་ཞིབ་གྲོས་དང་ཁམས་པའི་རྩོམ་ཚོགས་ཀྱི་གསར་རྩོམ་ཁྱབ་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།

གསར་འགོད་པ་ཚེ་དཔལ།རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ།རྣམ་དཀར་ལྷ་མོ།ཡོང་ཁུངས། ངེད་དྲ་བ། གསར་འགོད་པ་ཚེ་དཔལ།རྣམ་དཀར་ལྷ་མོ། སྤེལ་དུས། 11-01



    སྤྱི་ཟླ་11པའི་ཚེས་1ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་གྱི་རྩོམ་པ་པོ་དར་རྒྱས་དང་བཀྲ་ཤིས། རྣམ་རྒྱལ་གསུམ་གྱི་བརྩམས་ཆོས་ཞིབ་གྲོས་དང་ཁམས་པའི་རྩོམ་ཚོགས་ཀྱི་གསར་རྩོམ་ཁྱབ་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་གཟབ་རྒྱས་ངང་འཚོགས།

    ཐེངས་འདིའི་ཚོགས་འདུའི་སྟེང་སི་ཁྲོན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་རྩ་འཛུགས་ཀྱི་ཁོངས་མི། སྡེ་ཁག་གི་ཏང་ཨུའི་ཧྲུའུ་ཅི་ལོའོ་ཡོན།《མི་རིགས་རྩོམ་རིག》དུས་དེབ་ཁང་གི་རྩོམ་སྒྲིག་པ་ཆོས་རྡོ་རྒྱལ། དཀར་མཛེས་ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཀོང་ཏཱ། ཡུལ་ཤུལ་ཁུལ་རྩོམ་ལྷན་གྱི་ཀྲུའུ་ཞི་ཕུན་ཚོགས་ཟླ་བ་སོགས་འབྲེལ་ཡོད་འགོ་ཁྲིད་དང་ཆེད་རམས་པ། གསར་ལམ་ཁག་གི་མི་སྣ་80ལྷག་ཞུགས་ཡོད།

    ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས། དགེ་རྒན་ཀླུ་རྒྱལ་ཚེ་རིང་། གངས་ལྫོངས་ཉི་གཞོན་འཕྲིན་སྦྱོར་ལྟེ་གནས་ཀྱི་འགན་འཛིན་པ་དཀོན་མཆོག་རྡོ་རྗེ། རྩོམ་པ་པོ་ཡུམ་ཚེ་རིང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་བྷ་སོགས་ཀྱིས་རྩོམ་པ་པོ་དར་རྒྱས་དང་བཀྲ་ཤིས། རྣམ་རྒྱལ་གསུམ་གྱི་བརྩམས་ཆོས་ལ་དཔྱད་བརྗོད་སྤེལ།

     རྒྱུུས་ལོན་བྱུང་བ་ལྟར་ན། འདི་ནི་དཀར་མཛེས་ཁུལ་གྱི་ཕ་སྐད་རྩོམ་པ་པོའི་བརྩམས་ཆོས་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་ཡིན་ཞིང་། འདིས་ཕ་སྐད་རྩོམ་རིག་གི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ་པ་མ་ཟད། སྤུས་ལེགས་བརྩམས་ཆོས་དེ་བས་མང་པོ་སྤེལ་ཏེ། ཁམས་པའི་རྩོམ་རིག་གི་འཕེལ་རྒྱས་ལ་ཕན་ནུས་ཆེན་པོ་འདོན་ཐུབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1