པར་ཙིར་གྱིས་སྐབས་དང་པོའི་འཛམ་གླིང་གི་ཡུལ་སྡོད་མིའི་ལུས་རྩལ་འགྲན་ཚོགས་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-03


         ཉེ་ཆར། འཛམ་གླིང་ཡུལ་སྡོད་མིའི་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་པར་ཙིར་དབུས་རྒྱུད་ཀྱི་ཐའོ་གན་ཡན་སི་ཁུལ་ཕར་མཱ་སི་རུ་དངོས་སུ་འགོ་ཚུགས། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ་པར་ཙིར་དང་རྒྱལ་ཁབ་24ཡོད་པའི་ས་གནས་དེ་གའི་སྡོད་མི་1800ལྷག་ཞུགས་རྒྱུ་དང་འགྲན་བསྡུར་གྱི་རྣམ་གྲངས་སྲོལ་རྒྱུན་གྱི་ལུས་རྩལ་དང་འཁྲབ་སྟོན་ལུས་རྩལ། ནུབ་ཕྱོགས་ལུས་རྩལ་སོགས་རིགས་གསུམ་ཏུ་དགར་ཡོད། འགྲན་ཞུགས་འགོ་ཚུགས་དུས་སུ་པར་ཙིར་གྱི་སྲིད་འཛིན་ལོ་སེ་ཧྥུ་དང་འགྲན་ཞུགས་ཁུལ་གྱི་ཁུལ་དཔོན། འགྲན་ཞུགས་རྒྱལ་ཁབ་གྱི་ཕོ་ཉ་སོགས་ཡོད། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་འབོད་ཚིག་ནི་ད་ཆ་ང་ཚོ་ཚང་མ་ཡུལ་དེ་རང་གི་སྡོད་མི་རེད་ཅེས་པ་འདི་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། ལུས་རྩལ་འགྲན་ཚོགས་དེ་ལོ་བཞིར་ཐེངས་རེ་གཉེར་རྒྱུ་དང་ཤིར་ཏུན་གྱིས་བརྗོད་པར་གཞིགས་ན། 2019ལོར་འགྲན་བསྡུར་དེ་གཉེར་འདོད་ཡོད་པའི་རྒྱལ་ཁབ་གྲས་སུ་ཕེ་རུ་དང་། མོ་ཞི་ཁོ། ཧྥི་ལི་ཕིན། ཨ་རི་སོགས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1