ཞི་ཅིན་ཕིང་གིས་གློག་འཕྲིན་གྱི་ལམ་ནས་པན་ཏཱ་ལི་ཡིས་བལ་པོའི་སྲིད་འཛིན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-03


  སྤྱི་ཟླ་11པའི་ཚེས་2ཉིན་བསྒྲགས་པའི་གསར་འགྱུར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་10པའི་ཚེས་30ཉིན་གློག་འཕྲིན་གྱི་ལམ་ནས་པེས་ཏིས་ཡ་ཏི་ཝེས་པན་ཏཱ་ལི་ཡིས་བལ་པོའི་སྲིད་འཛིན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས།

  ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོའི་ཕྱོགས་ནས་རྣམ་པ་ཀུན་ཏུ་བལ་པོ་རྒྱལ་ཁབ་རང་ཉིད་ཀྱིས་བདམས་པའི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་བགྲོད་ལམ་ལ་བརྩི་བཀུར་བྱ་ངེས། ཁྱེད་དང་བལ་པོ་སྲིད་གཞུང་གི་དབུ་ཁྲིད་འོག་བལ་པོ་རྒྱལ་ཁབ་འཕེལ་ལམ་གསར་བ་ཞིག་ཏུ་བསྙེག་ཐུབ་པར་ཡིད་ཆེས་ཡོད། ངས་ཀྲུང་གོ་དང་བལ་པོའི་འབྲེལ་བར་ཚད་མཐོ་བའི་དོ་སྣང་ངེས་ཤིང་ཁྱེད་དང་མཉམ་དུ་འབད་པ་ཆེན་པོས་ཀྲུང་གོ་དང་བལ་པོའི་སྲོལ་རྒྱུན་གྱི་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་འདོད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1