ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-05


    སྤྱི་ཟླ་11 པའི་ཚེས་3 ཉིན། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་སྟེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ཀྱི་འཐབ་ཕྱོགས་ཁག་ནི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ལྟར་ཡིན་དགོས་ཞེས་ནན་བཤད་བྱས། སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཀྱིས་སྒོ་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་དང་། བསམ་བློའི་ཐོག་ཚད་མཐོའི་མཐོང་ཆེན་དགོས་ཤིང་། བྱ་སྤྱོད་ཐད་གོམ་པ་གཅིག་གྱུར་བྱེད་དགོས། མཐུན་སྦྱོར་ངང་ཕྱོགས་ཡོངས་བཞི་སྐུལ་འདེད་གཏང་བ་དང་མཆོང་སྐྱོད་གཉིས་མངོན་འགྱུར་བྱེད་དགོས་ལ། ཀྲུང་གོའི་ཕུགས་འདུན་ལས་སི་ཁྲོན་གྱི་ལེའུ་མངོན་འགྱུར་བྱ་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་ གླེང་ཕྱོགས་ཀྱི་རྒྱབ་སྐྱོར་དང་བསམ་པའི་སྒུལ་ཤུགས་ཀྱང་ཡིན། 

   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་།དབྱིན་ལི་ཚོགས་འདུར་ཞུགས་ཅིང་གསུང་བཤད་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1