ཀྲང་ཏེ་ཅང་གིས་སོག་པོ་རྒྱལ་ཁབ་ཀྱི་སྲིད་འཛིན་ཨི་ལི་པེ་ཀེར་ཏོར་ཅི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-13


  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོག་པོ་རྒྱལ་ཁབ་ཀྱི་སྲིད་འཛིན་ཨི་ལི་པེ་ཀེར་ཏོར་ཅི་དང་མཇལ་འཕྲད་གནང་། 

  ཀྲང་ཏི་ཅང་གིས་ཀྲུང་གོ་དང་སོག་པོ་གཉིས་ཀྱི་མཛའ་འབྲེལ་མཉམ་ལས་ལ་ཤུགས་སྣོན་བྱས་པ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་་པར་མ་ཟད། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ལའང་ཕན།  ཁ་སང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་སྐུ་ཉིད་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་ཤུགས་སྣོན་བྱེད་དགོས་པའི་ཐད་ལ་ཐུན་མོང་གི་ངོས་འཛིན་གསར་པ་བྱུང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བར་དོན་སྙིང་གསར་པ་བསྣན་པ་དང་མཉམ་འབྲེལ་མཉམ་རྒྱལ་གྱི་མཉམ་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ཀྲུང་གོ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་དུས་དང་རྣམ་པ་ཀུན་དུ་ཀྲུང་སོག་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སོག་པོ་རྒྱལ་ཁབ་ཀྱི་ཏཱ་ཧོ་ལར་གྱི་མཛའ་འབྲེལ་འགྲོ་འོང་ལ་ཤུགས་སྣོན། ཟླ་འདིའི་ཟླ་མཇུག་ཏུ་འགོ་ཚུགས་རྒྱུ་ཡིན་པའི་ཀྲུང་གོ་དང་སོག་པོ་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་བར་གྱི་དུས་བཅད་བརྗེ་རེས་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱ་ངེས། ཕྱོགས་གཉིས་ཀྱིས་ཀྲུང་སོག་འབྲེལ་བའི་འཕེལ་རྒྱས་གསར་པ་དང་བསྟུན་ཏེ། ཁྲིམས་འཛུགས་ལས་ཁུངས་བར་གྱི་མཉམ་འབྲེལ་ཆུ་ཚད་མཐོར་འདེགས་སུ་གཏང་པ་དང་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་མཉམ་ལས་མཛའ་འབྲེལ་རྒྱུན་ཆད་མེད་པར་སྐུལ་འདེད་དུ་གཏང་དགོས་ཞེས་བསྟན། དེ་མིན་ཀྲང་ཏེ་ཅང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྒྲིག་གཞིའི་འཆར་བཀོད་ཐད་ནས་འཚམས་འདྲི་གནང་།

  ཨི་ལི་པེ་ཀེར་ཏོར་ཅི་ཡིས་སོག་པོའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་དོན་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་རུ་སྤེལ་ཏེ་སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྡེ་ཁག་བར་གྱི་བརྗེ་རེས་ལ་ཤུགས་སྣོན་བྱ་འདོད་ཅེས་བསྟན།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1