སའི་གོ་ལའི་དབྱང་གཉིས་ཐཱན་རྫས་ཀྱི་སྟུག་ཚད་དང་དྲོད་རླངས་ཆུ་ཚད་ཟིན་ཐོ་ལས་བརྒལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-13


        ཨ་རིའི་ཝ་ཧྲིན་ཐོན་སྦྲག་ཏར་ཚགས་པར་ལས་ཁྱབ་བསྒྲགས་བྱས་པ་ལྟར་ན། སའིི་གོ་ལའི་རླུང་ཁམས་ཆེན་མོའི་ཁྲོད་ཀྱི་དབྱང་གཉིས་ཐཱན་རྫས་ཀྱི་ཆ་སྙོམས་ཆུ་ཚད་དེ་ད་ལོ་ཐོག་མར་དུང་ཕྱུར་གཅིག་ཆའི་བཞི་བརྒྱ་ལས་བརྒལ་ཏེ། བཟོ་ལས་གསར་བརྗེའི་སྔོན་ལས་བརྒྱ་ཆའི་ཞེ་གསུམ་འཕར་ཡོད། དེ་ལས་གཞན། 2015ལོ་ཡང་ཟིན་ཐོ་མཐོ་བའི་ལོ་ཚད་ཅིག་ཡིན། དེའི་ཁྲོད་དུ། སྔོན་མའི་ཟླ་བ་9ཡི་ཆ་སྙོམས་དྲོད་ཚད་དེ་ལོ་རྒྱུས་ཆ་སྙོམས་དྲོད་ཚད་ལས་ཧྲེ་ཧྲིའི་དྲོད་ཚད་གཅིག་མང་། 

        གོང་གི་གནམ་གཤིས་འགྱུར་ལྡོག་གི་རྣམ་གྲངས་གཉིས་ཀྱི་ལམ་ཚད་རྡོ་རིང་དེ་སྤྱི་ཟླ་11པའི་ཚེས་9ཉིན་ཨ་རིའི་ལས་ཁུངས་འབོར་ཞིག་གིས་རྒྱུན་མཐུད་དེ་ཁྱབ་བསྒྲགས་བྱས། ཞིབ་འཇུག་མི་སྣས་བསྟན་དོན། ཟིན་ཐོ་བརྒལ་བའི་དྲོད་ཚད་དང་དྲོད་ཁང་རླངས་གཟུགས་ཀྱི་ཆུ་ཚད་དེ་རྒྱུན་རྣམ་གསར་པ་ཞིག་ཏུ་འགྱུར་སྲིད་ལ་དེས་སའི་གོ་ལར་ངན་འབྲས་ཚབས་ཆེན་ཐེབས་ངེས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1