ལི་ཁེ་ཆང་གིས་པེར་ཀེ་ཚི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-13


  སྤྱི་ཟླ་11པའི་ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧེ་ནས་ཀྲུང་གོར་འཚམས་འདྲིར་ཕེབས་པའི་པེར་ཀེ་ཚི་དང་མཇལ་འཕྲད་གནང་།

  ཀྲུང་གོ་དང་ཨ་མེ་རི་ཁས་གནམ་གཤིས་འགྱུར་ལྡོག་དང་ནུས་ཁོངས་གསར་པའི་ཁྱབ་ཁོངས་ཀྱི་མཉམ་འབྲེལ་སྤེལ་པའི་ཐད་ལ་གླེང་མོལ་མཛད་དུས་ལི་ཁེ་ཆང་གིས་དེང་སྐབས་ཀྲུང་གོའི་དཔལ་འབྱོར་ལ་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་དང་སྒྲིག་གཞི་སྙོམས་སྒྲིག་བྱས་ཏེ་ལྗང་འགྱུར་གྱི་རྒྱུན་མཐུད་འཕེལ་རྒྱས་ལམ་དུ་བསྙེག་བཞིན་ཡོད། འདིའི་གོ་རིམ་ཁྲོད་ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོར་མཉམ་འབྲེལ་བྱས་ཏེ་ཕྱོགས་བསྡུས་སྒོས་ཇུས་འགོད་བྱ་བ་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་གདོང་གཏད་འདོད། ཉིང་རྡུལ་འདུས་པའི་གཙང་དག་ནུས་ཁོངས་འཕེལ་རྒྱས་སུ་གཏང་བ་ནི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞེས་བསྟན།

  ལི་ཁེ་ཆང་གིས་ཀྲུང་གོའི་སྲིད་གཞུང་གིས་ཨ་མེ་རི་ཁའི་སྔོན་ཐོན་ལག་རྩལ་དང་ཇུས་འགོད་འདུ་ཤེས་དེ་ཀྲུང་གོའི་ཕྱོགས་ཀྱི་བཟོ་ལས་སྒྲིག་གཞི་དང་འཛུགས་སྐྲུན་སྐྱེལ་གཉེར་དང་མཐུན་སྒྲིག་བྱས་ཏེ་བདེ་འཇགས་ལ་འགན་སྲུང་དང་མ་རྩ་མར་ཕབ་པ། རྒྱུན་མཐུད་རང་བཞིན་མཐོར་འདེགས་སུ་གཏང་བའི་སྔོན་འགྲོའི་འོག་མཉམ་འབྲེལ་སྒོས་ཞིབ་འཇུག་གསར་སྤེལ་བྱས་ཏེ་མུ་མཐུད་དུ་ཀྲུང་གོའི་ཉིང་རྡུལ་གློག་ཤུགས་ཐོན་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏང་བར་རྒྱབ་སྐྱོར་བྱ་འདོད། དེ་མཚུངས་སུ་ཀྲུང་གོ་དང་ཨ་མེ་རི་ཁས་ཚོང་ར་གསུམ་པའི་ཉིང་རྡུལ་གློག་ཤུགས་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་འཛམ་གླིུང་རྒྱུན་མཐུད་འཕེལ་རྒྱས་ལ་བྱས་རྗེས་འཇོག་དགོས་ཞེས་བསྟན།

  པེར་ཀེ་ཚི་ཡིས་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་ཏེ་ནུས་ཁོངས་གསར་པའི་ཐད་ནས་གཡུར་དུ་ཟ་བའི་འབྲས་བུ་བླངས་པར་ཚང་མས་ཁས་ལེན་ཐོབ། ཨ་མེ་རི་ཁ་དང་ཀྲུང་གོས་ཁེ་ལས་ཆེན་པོ་མཉམ་འབྲེལ་བྱས་ཏེ་མགྱོགས་མྱུར་ངང་ལག་རྩལ་གསར་གཏོད་དང་བཟོ་ལས་ཅན་ལ་སྐུལ་འདེད་གཏང་དགོས། འདིས་འཛམ་གླིང་དང་ལྷག་པར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ་གཙང་དག་དང་ཡིད་རྟོན། རིན་གོང་དམའ་བའི་ནུས་ཁོངས་འདོན་སྤྲོད་བྱ་དགོས་ཞེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1