ཧྥ་རན་སི་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་དྲུག་ཅུ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ཕྲག་ལྷག་གཏའ་མར་བཟུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-14


   བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥ་རན་སིའི་ཕ་རེ་སི་གྲོང་ཁྱེར་དཀྱིལ་དབུས་ནས་ཚེས་བཅུ་གསུམ་ཉིན་མེ་མདས་བརྒྱབ་པ་དང་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་མང་བོ་བྱུང་ལ། དེའི་ནང་གི་འགས་གཏོར་འཇབ་རྒོལ་དོན་རྐྱེན་གཅིག་ནི་ཧྥ་ལན་ཞི་ལུས་རྩལ་ར་བའི་ཉེ་འདབས་ནས་བྱུང་བ་དང་། འགས་གཏོར་འབྱུང་སྐབས་ཧྥ་རན་སིའི་རྐང་གྲུག་རུ་ཁག་དང་འཇར་མན་རྐང་གྲུག་རུ་ཁག་གིས་འགྲན་སྡུར་བྱེད་བཞིན་ཡོད་ཟེར། མིག་སྔར་ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། འཇབ་རྒོལ་ཁྲོད་ནས་མི་དྲུག་ཅུ་ལྷག་རྐྱེན་ལམ་དུ་ཤོར་ཟེར།

   བསྒྲགས་པའི་གནས་ཚུལ་ལྟར་ན། འགས་གཏོར་འབྱུང་སྐབས་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ཡིས་ལུས་རྩལ་ར་བའི་ནང་དུ་འགྲན་སྡུར་ལ་ལྟ་བཞིན་ཡོད་པ་དང་། དེའི་རྗེས་སུ་ཁོ་བདེ་འཇགས་ངང་ས་དེ་ནས་བྲལ་བ་དང་། མིག་སྔར་ཧྥ་རན་སིའི་ནང་སྲིད་པུའུ་ཡིས་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པའི་སྐོར་ནས་བྲེལ་མྱུར་གྲོས་ཚོགས་བསྡུ་བཞིན་ཡོད་ཟེར།

   འགས་གཏོར་དོན་རྐྱེན་དེ་བྱུང་བ་དང་མཉམ་དུ། ཧྥ་རན་སིའི་པ་ཐི་ལན་རོལ་མོ་ཁང་ནས་མི་གཏའ་བཙན་བཟུང་བྱས་པའི་དོན་རྐྱེན་བྱུང་ལ། བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་བའི་བཤད་ཚུལ་ལྟར་ན་མི་བརྒྱ་ཕྲག་ལྷག་གཏའ་མར་བཟུང་ཟེར། མི་གཏའ་འཛིན་སྐབས་བྲོས་ནས་ཐར་བའི་མི་སྣས་གསར་འགོད་པར་བཤད་རྒྱུར། པ་ཐི་ལན་རོལ་མོ་ཁང་དུ་ཁྲག་རྐ་ཆུ་ལྟར་བཞུར་སོང་ཟེར། གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་བྱེད་མཁན་གྱི་མི་དྲུག་ནས་བརྒྱད་ཙམ་ཡོད་པ་དང་། མིག་སྔར་འཇབ་རྒོལ་དེ་དག་གིས་ཉེན་རྟོག་པར་འཐབ་འཁྲུག་རྒྱག་བཞིན་ཡོད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1