དཔའ་རིས་རྫོང་དུ"དྲོ་ལྡན་ལས་གཞི"ཡིས་བོད་རིགས་བྱིས་པ་ཚོར་དྲོ་སྐྱིད་སྦྱིན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-15


    རྒྱལ་ཁབ་ཀྱིས་2014ལོ་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་པའི"ཕྱོགས་ཡོངས་ཞན་བཅོས་ལེགས་སྒྱུར"(ཕྱོགས་ཡོངས་ནས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་པ)ལས་གཞི་སྒྲུབ་འགོ་ཚུགས་པར་བརྟེན་ནས་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་རྫོང་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་62ལ"དྲོ་ལྡན་ལས་གཞི"ལག་བསྟར་བྱས་ཤིང་། སློབ་གྲྭ་འབྲིང་ཆུང་ལ་སློབ་ཁྲིད་དང་རམ་འདེགས་ཁང་པ་དང་། འཚོ་སྡོད་ཁང་པ་སོགས་གསར་སྐྲུན་དང་། བཅོས་སྐྲུན། རྒྱས་སྐྲུན་བཅས་བྱེད་པ་དང་། དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་བཀོད་སྒྲིག་བྱེད་པ། ཁྲོ་ཐབ་ཆུང་གྲས་སྒྲིག་སྦྱོར་བྱེད་པ་སོགས་ལ་བརྟེན་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཡོད་ཚད་རྡོ་སོལ་བསྲེགས་ནས་དྲོད་ལེན་པའི་དུས་སྐབས་ལས་བྲལ་ཏེ་ས་གནས་དེ་གའི་བོད་རིགས་བྱིས་པ་སྟོང་ཚོ་མང་པོར་དྲོ་སྐྱིད་སྦྱིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1