ཞི་ཅིན་ཕིང་གིས་མེག་སི་ཁོའི་སྲིད་འཛིན་ཕེ་ནེའུ་ཡཱ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-17


  སྤྱི་ཟླ་11པའི་ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུར་ཁེ་ཡི་ཨན་ཐ་ལི་ཡ་ནས་མིག་སི་ཁོའི་སྲིད་འཛིན་ཕེ་ནེའུ་ཡཱ་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ནས་མིག་སི་ཁོ་དང་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བ་འཕེལ་རྒྱས་དང་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་འབྲེལ་རྒྱ་སྐྱེད་པ་དང་། མིག་སི་ཁོ་དང་མཉམ་དུ་ཕྱོགས་གཉིས་ཀྱི་ཐུན་མོང་ངོས་འཛིན་རྒྱུན་མཐུད་ལག་ལེན་དུ་བསྒྱུར་འདོད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་དང་མཐོ་རིམ་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ་ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བར་སྐུལ་འདེད་དུ་གཏང་དགོས། འཕེལ་རྒྱས་འཐབ་ཇུས་མཐུད་སྦྲེལ་དང་བཟོ་ཚོང་ཁྱབ་ཁོངས་རྒྱ་སྐྱེད། བཟོ་ཚོང་སྒྲིག་གཞི་ལེགས་བཅོས། ཐོན་སྐྱེད་སྒྲིག་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་མཁོ་སྤྲོད་མཉམ་འབྲེལ་ལ་ཤུགས་སྣོན་བཅས་བྱས་ཏེ་དངུལ་རྩའི་མཉམ་འབྲེལ་གྱི་ནུས་པ་འདོན་སྤེལ་བྱ་དགོས། དེ་མིན་དངུལ་འཇོག་མཉམ་འབྲེལ་དེ་རྒྱལ་ཁབ་གཉིས་ཀྱི་དངོས་དོན་མཉམ་འབྲེལ་གྱི་འཕེལ་རིམ་གསར་བ་ཞིག་ཏུ་ངོས་འཛིན་བྱ་དགོས་པར་མ་ཟད། ཐོན་ལས་དངུལ་འཇོག་གི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་བཟོ་ལས་གསར་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།

  ཕེ་ནེའུ་ཡཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་མིག་སེ་ཁོ་གཉིས་ཀྱི་འབྲེལ་བར་གདེང་འཇོག་བྱས་པར་གཟེངས་བསྟོད་བྱས་ཤིང་མིག་སེ་ཁོ་ཡིས་འབད་པ་ཆེན་པོས་ཀྲུང་གོའི་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འབྲེལ་འདྲེས་གཏིང་ཟབ་ཏུ་སྤེལ་ཏེ་ཆབ་སྲིད་བརྗེ་རེས་ཆུ་ཚད་མཐོར་འདེགས་དང་ཀྲུང་གོའི་དངུལ་འཇོག་དང་བཟོ་ཚོང་། དངུལ་རྩ། གློག་འཕྲིན། ནུས་ཁོངས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན། མིག་སི་ཁོ་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་རྒྱལ་སྤྱིའི་གལ་ཆེ་བའི་ལས་དོན་ཐད་ནས་མཉམ་འབྲེལ་བྱ་འདོད་པ་དང་། ཀྲུང་གོས་སང་ལོའི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་རྒྱལ་ཁའི་ངང་འཚོགས་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1