ཆི་ལི་ནུབ་རྒྱུད་མཚོ་ཁོངས་སུ་རིམ་པ་5.0གི་ས་འགུལ་བྱུང་བ་དང་འགུལ་ཁུངས་ཟབ་ཚད་སྤྱི་ལེ13.7ཟིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-18


པར་རིས་ཐོན་ཁུངས། ཨ་རིའི་ས་རྒྱུས་རྟོག་ཞིབ་ཅུས་ནས། 

        ཨ་རིའི་ས་རྒྱུས་རྟོག་ཞིབ་ཅུས་ཀྱི་དྲ་ཚིགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། པེ་ཅིང་དུས་ཚོད་ཀྱི་ཟླ་11པའི་ཚེས་17ཉིན་གྱི་ཆུ་ཚོད་4དང་སྐར་མ་52ཀྱི་སྟེང་ཆི་ལི་ནུབ་རྒྱུད་མཚོ་ཁོངས་སུ་རིམ་པ་5.0གྱི་ས་འགུལ་བྱུང་བ་དང་འགུལ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་13.7ཟིན་ཡོད། ཐེངས་འདིའི་ས་འགུལ་གྱི་འགུལ་ལྟེ་དང་རྒྱལ་ཁབ་དེ་གའི་གྲོང་ཁྱེར་ཁུ་ཅིན་པའོ་ལྷོ་ནུབ་ནས་ནུབ་ཕྱོགས་ཀྱི་སྤྱི་ལེ་78ཀྱི་མཚམས་སུ་ཡིན། 

        མིག་སྔར། ཆི་ལིས་ད་དུང་མཚོ་རླུང་གི་ཉེན་བརྡ་ཡི་ཁྱབ་བསྒྲགས་བྱ་མེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1