༄༅། །མནའ་མས་སྒྱུག་པོ་ལ་བརྟག་པ།

དམངས་ཁྲོད། རྩོམ་སྒྲིག་པ། ཤེས་བྱ།ཡོང་ཁུངས།མཚོ་སྔོན་སྲིད་གཞུང་དྲ་བ། སྤེལ་དུས། 06-21


  

         ངག་རྒྱུན་དུ།  སྟོན་གྱི་ཤྭ་བོས་སྦལ་བ་ཟ་སྲོལ་ཡོད། མིག་བཀབ་ལོང་བའི་བུས་ཉིན་ཞིག་ཤྭ་བ་ཞིག་བསད་ནས་ཁོག་པ་འབྱེད་དུས་ཁོག་ཏུ་སྦལ་བ་མང་པོ་ཞིག་ཡར་ལྡིང་མར་ལྡིང་བྱེད་བཞིན་པ་མཐོང་ནས་ཤྭ་བའི་ཤྭ་བསྐྱུར་ནས་ཕྱིར་ཕ་ཡུལ་དུ་ཡོང་དེ་རང་གི་ཆུང་མར་བཤད།  ཆུང་མས་ཐོས་རྗེས་སྟོན་ཁའི་ཤྭ་བོས་མ་གཞི་ནས་སྦལ་ བ་ཟ་བ་ཡིན་པས་དེར་སྐྲག་དགོས་དོན་མེད་ལ་མྱུར་དུ་སོང་ལ་ཤྭ་ཁུར་ཤོག་ཟེར།  བུས་གྲི་གཡུགས་ནས་ཕྱིར་རྒྱུགས་སོང་།

ཁྱོ་ག་སོང་རྗེས་མནའ་མས་རང་གི་སྒྱུག་པོས་དོན་དག་དེ་ཤེས་སམ་སྙམ་ནས་   ཁྱོ་ག་ཕྱིར་མ་ཐོན་གོང་ཁོང་ལ་ཉམས་སད་ཅིག་ལེན་དགོས་བསམ་ནས་ཐང་དུ་ གཡུགས་པའི་གྲི་ཁྱེར་ཡོང་ནས་མེ་ཐོག་ཏུ་བསྲེགས། སྒྱུག་པོས་དྲི་མ་བསྣོམ་ནས་འདྲི་རྒྱུར། ངའི་གླེན་པ་ཕྱིར་ཐོན་པ་ཡིན་ནམ། ངའི་སྣ་ལམ་དུ་སྦལ་བ་ཟོས་པའི་ཤི་ཞིག་གི་དྲི་བྲོ་བ་ཅི་ཡིན་ཟེར་བར་མནའ་མ་ཧ་ལས་ནས་གནས་ཚུལ་ཁྱོ་ག་ཡང་བཤད།
ཡང་ཉིན་ཞིག་ལ། མནའ་མས་ཆུར་ཁུ་སྡེར་མ་གང་སྒོ་འགྲམ་དུབཞག་ནས་མ་མོ་ ཁྲིད་ཡོང་དུས་སྒྱུག་པོས།   ངེད་ཚང་ལ་ཅིའི་ཕྱིར་ཟས་ཟིན་པའི་མ་མོ་ཞིག་གི་དྲི་མ་ འདུག་གམ་ཟེར་བར།  མནའ་མ་ཤིན་ཏུ་ཧ་ལས་པར་གྱུར་ལ། དེ་ནས་བཟུང་མིག་ གཉིས་ཞར་བའི་སྒྱུག་པོ་ལ་མཐོང་ཆུང་བྱེད་མ་ཕོད་པར་གྱུར་རོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1