༄༅།། ཆོས་ལུགས་ལས་དོན་དང་འབྲེལ་བའི་བཅའ་ཁྲིམས་ཤེས་བྱ་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-19



1.རང་རྒྱལ་གྱི་ཆོས་ལུགས་བྱེད་སྒོས་གཏན་འབེབས་གང་དག་བརྩི་སྲུང་བྱེད་དགོས། 

  《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིགགི་དོན་ཚན་3པའི་གཏན་འབེབས་ལྟར། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྲུང་སྐྱོབ་བྱེད་ཅིང་། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ས་དང་ཆོས་དད་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ས་དང་ཆོས་དད་སྤྱི་དམངས་ཀྱིས་རྩ་ཁྲིམས། བཅའ་ཁྲིམས། ཁྲིམས་སྲོལ་དང་སྒྲིག་ལམ་བཅས་བརྩི་སྲུང་བྱེད་དགོས་ལ། རྒྱལ་ཁབ་གཅིག་གྱུར། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་དགོས། རྩ་འཛུགས་དང་མི་སྒེར་གང་ཡིན་ཡང་ཆོས་ལུགས་བེད་སྤྱད་ནས་སྤྱི་ཚོགས་སྒྲིག་རིམ་ལ་གཏོར་བརླག་དང་། སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགལ་རྐྱེན་བཟོ་བ་བཅས་བྱ་མི་ཆོག་པ་དང་། གཞན་ཡང་རྒྱལ་ཁབ་ཀྱི་དབང་ནུས་དང་། སྤྱི་ཚོགས་སྤྱི་པའི་ཁེ་ཕན་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་བཟོ་བའི་བྱེད་སྒོ་སྤེལ་མི་ཆོག་པ། 

2.རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་གཞི་རྩའི་རྩ་དོན་ཅི་རེད།  

  《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིགགི་དོན་ཚན་4པའི་གཏན་འབེབས་ལྟར། ཆོས་ལུགས་ཁག་གིས་རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་ཅིང་། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ས་དང་ཆོས་ལུགས་ལས་དོན་བཅས་ཀྱི་ཐད་ཕྱི་རྒྱལ་གྱི་ནུས་ཤུགས་ཀྱི་བཀོད་སྒྲིག་དང་ལེན་མི་བྱེད་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ས་དང་ཆོས་ལས་རིགས་མི་སྣས་མཛའ་མཐུན་འདྲ་མཉམ་གྱི་རྨང་གཞིའི་ཐོག་ཕྱི་འབྲེལ་སྤེལ་བ་དང་། རྩ་འཛུགས་དང་མི་སྒེར་གྱིས་ཕྱི་ཕྱོགས་ཀྱི་དཔལ་འབྱོར་རིག་གནས་སོགས་ཀྱི་མཉམ་ལས་དང་། བརྗེ་རེས་བྱེད་སྒོའི་ཁྲོད་དུ་ཟུར་སྣོན་བྱས་པའི་ཆོས་ལུགས་ཆ་རྐྱེན་དང་ལེན་བྱེད་མི་ཆོག

3.རང་རྒྱལ་གྱི་ཆོས་ལུགས་ལས་དོན་གྱི་སྲིད་འཛིན་དོ་དམ་ལམ་ལུགས་ཅི་རེད།

  《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིགགི་དོན་ཚན་5བའི་གཏན་འབེབས་ལྟར། རྫོང་རིམ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་སྤྱི་པའི་ཁེ་དབང་དང་འཕྲད་པའི་ཆོས་ལུགས་ལས་དོན་ལ་སྲིད་འཛིན་དོ་དམ་བྱེད་ཅིང་། རྫོང་རིམ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་རང་གི་འགན་འཁྲིའི་ཁྱབ་ཁོངས་སུ་ཁྲིམས་ལྟར་འབྲེལ་ཡོད་ཀྱི་སྲིད་འཛིན་དོ་དམ་ལས་ཀའི་འགན་འཁུར་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ས་དང་ཆོས་དད་སྤྱི་དམངས་བཅས་ཀྱི་བསམ་འཆར་ལ་ཉན་དགོས་ཤིང་། ཆོས་ལུགས་ལས་དོན་དོ་དམ་ལས་ཀར་མཐུན་སྦྱོར་བྱེད་དགོས། 

4.ཆོས་ལུགས་བྱེད་སྒོ་སྤེལ་ས་འཛུགས་པར་གཏན་འབེབས་གང་དག་ཡོད། 

  《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིགགི་དོན་ཚན་13པའི་གཏན་འབེབས་ལྟར། ཆོས་ལུགས་བྱེད་སྒོ་སྤེལ་ས་བཀོད་སྒྲིག་གསར་སྐྲུན་བྱེད་པར། ཆོས་ལུགས་ཚོགས་པས་ཆོས་ལུགས་བྱེད་སྒོ་སྤེལ་ས་གསར་སྐྲུན་བཀོད་སྒྲིག་བྱེད་གནས་ཀྱི་རྫོང་རིམ་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་འདོན་པ། རྫོང་རིམ་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཡར་ཞུ་འབྱོར་རྗེས་ཉིན་ནས་ཉིན་༣༠ནང་བཀོད་སྒྲིག་འཛུགས་སྐྲུན་ལ་མོས་མཐུན་བྱུང་བ་དེ་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཞིབ་མཆན་གནང་བར་ཞུ་དགོས། 

ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་རྫོང་རིམ་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་སྙན་ཞུ་འབྱོར་ཉིན་ནས་ཉིན་༣༠ནང་དགོན་པ་དང་རྒྱ་བོན་དགོན་པ། དབྱི་སི་ལན་གྱི་ཆོས་ཁང་། ཆོས་ཁང་བཅས་གསར་འཛུགས་བྱེད་འགོད་ལ་མོས་མཐུན་བྱུང་བ་དག་ལ་ཞིབ་བཤེར་གཏན་འབེབས་བསམ་འཆར་བཏོན་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཀྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་མཆན་གནང་དགོས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ས་གཏན་ཁེལ་གསར་སྐྲུན་བྱེད་པར་ཆོག་མཆན་གནང་བའམ་ཆོག་མཆན་མི་གནང་བའི་ཐག་གཅོད་བྱེད་དགོས། 

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་འཛུགས་འགོད་ལ་མོས་མཐུན་བྱེད་པའི་སྙན་ཞུ་འབྱོར་ཉིན་ནས་ཉིན་༣༠ནང་དགོན་པ་དང་རྒྱ་བོན་དགོན་པ། དབྱི་སི་ལན་གྱི་ཆོས་ཁང་། ཆོས་ཁང་བཅས་གསར་འཛུགས་བྱེད་འགོད་ལ་མོས་མཐུན་བྱུང་བ་དག་ལ་ཆོག་མཆན་གནང་བའམ་ཆོག་མཆན་མི་གནང་བའི་ཐག་གཅོད་བྱེད་པ། 

ཆོས་ལུགས་ཚོགས་པས་ཆོས་ལུགས་བྱེད་སྒོ་སྤེལ་ས་གསར་སྐྲུན་བྱེད་པའི་ཡར་ཞུ་ལ་ཆོག་མཆན་ཐོབ་རྗེས། ད་གཟོད་ཆོས་ལུགས་བྱེད་སྒོ་སྤེལ་ས་སྐྲུན་པའི་གྲ་སྒྲིག་ལས་ཀ་སྒྲུབ་ཆོག 

5.ཆོས་ལུགས་བྱེད་སྒོ་སྤེལ་ས་འཛུགས་པའི་གྲ་སྒྲིག་ཡར་ཞུ་བྱེད་སྐབས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་དཔྱད་གཞི་གང་དག་སྤྲོད་དགོས། 

ཆོས་ལུགས་བྱེད་སྒོ་སྤེལ་ས་སྐྲུན་པའི་ཞིབ་མཆན་གནང་བ་དང་ཐོ་འགོད་བྱེད་ཐབསཀྱི་དོན་ཚན་5བའི་གཏན་འབེབས་ལྟར། ཆོས་ལུགས་བྱེད་སྒོ་སྤེལ་ས་སྐྲུན་པའི་གྲ་སྒྲིག་ཡར་ཞུ་བྱེད་སྐབས། ཆོས་ལུགས་བྱེད་སྒོ་སྤེལ་ས་སྐྲུན་པའི་གྲ་སྒྲིག་ཡར་ཞུ་རེའུ་མིགའབྲི་དགོས་པའི་དུས་མཚུངས་སུ། གཤམ་གྱི་དཔྱད་གཞི་དག་སྤྲོད་དགོས་པ་སྟེ། 

(གཅིགགསར་སྐྲུན་བྱེད་སའི་ཆོས་དད་སྤྱི་དམངས་ཀྱི་འབྲེལ་ཡོད་གནས་ཚུལ་གསལ་བཤད་ཡི་གེ

གཉིསཆོས་ལུགས་བྱེད་སྒོའི་གཙོ་འགན་འཁུར་བའི་ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་ལུགས་རང་གི་གཏན་འབེབས་དང་མཐུན་པའི་མི་སྣ་གཞན་དག་གི་གཞི་རྩའི་གནས་ཚུལ་དང་ཁྱིམ་ཐོ། ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་བདེན་དཔང་ཡི་གེ

གསུམགསར་སྐྲུན་ཚོད་དཔག་བྱེད་པའི་གྲ་སྒྲིག་རྩ་འཛུགས་མི་སྣའི་གཞི་རྩའི་གནས་ཚུལ་དང་ཁྱིམ་ཐོ། ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཆོས་ལུགས་ལས་རིགས་མི་སྣ་ཡིན་ན་ད་དུང་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་བདེན་དཔང་ཡི་གེ་འདོན་དགོས།

བཞིདགོས་ངེས་ཀྱི་མ་དངུལ་བདེན་དཔང་ཡི་གེ

ལྔགསར་སྐྲུན་ཚོད་དཔག་བྱེད་གནས་དང་ར་ཁང་གསར་འཛུགས་ཚོད་དཔག་གི་ལག་བསྟར་བྱས་འཐུས་ཀྱི་གསལ་བཤད་ཡི་གེ

དྲུགགཞན་དག་གི་འབྲེལ་ཡོད་དཔྱད་གཞི་འདོན་དགོས། 

6.ཆོས་ལུགས་བྱེད་སྒོ་སྤེལ་ས་དོ་དམ་སྐོར་གྱི་གཏན་འབེབས་གང་དག་ཡོད། 

  《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིགགི་དོན་ཚན་17པའི་གཏན་འབེབས་ལྟར། ཆོས་ལུགས་བྱེད་སྒོ་སྤེལ་སར་དོ་དམ་རྩ་འཛུགས་བཙུགས་ནས་དམངས་གཙོ་དོ་དམ་ལག་བསྟར་བྱེད་དགོས། ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱི་མི་སྣ་དེ་དམངས་གཙོ་གྲོས་མོལ་བརྒྱུད་ནས་འདེམས་སྒྲུག་བྱེད་པ་མ་ཟད། ད་དུང་ས་དེའི་ཐོ་འགོད་དོ་དམ་ལས་ཁུངས་སུ་ཐོ་འགོད་སྙན་སེང་ཞུ་དགོས།  

  《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》གི་དོན་ཚན་18པའི་གཏན་འབེབས་ལྟར། ཆོས་ལུགས་བྱེད་སྒོ་སྤེལ་སའི་ནང་ཁུལ་དོ་དམ་ལ་ཤུགས་སྣོན་བྱེད་དགོས་ཤིང་། འབྲེལ་ཡོད་བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་ལམ་བཅས་ཀྱི་གཏན་འབེབས་ལྟར། མི་སྣ་དང་། ནོར་དོན། རྩིས་གཉེར། བདེ་འཇགས། མེ་འགོག རིག་རྫས་སྲུང་སྐྱོབ། འཕྲོད་བསྟེན་རིམས་འགོག་སོགས་ཀྱི་དོ་དམ་ལམ་ལུགས་གསར་འཛུགས་འཐུས་ཚང་བྱེད་པ་དང་། གནས་ཡུལ་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་ཁྲིད་སྟོན། ལྟ་སྐུལ། ཞིབ་བཤེར་བཅས་དང་ལེན་བྱེད་པ།  

  《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》གི་དོན་ཚན་19བའི་གཏན་འབེབས་ལྟར། ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོས་ལུགས་བྱེད་སྒོ་སྤེལ་སའི་བཅའ་ཁྲིམས་ཁྲིམས་སྲོལ་སྒྲིག་ལམ་བརྩི་སྲུང་བྱས་ཚུལ་དང་། དོ་དམ་ལམ་ལུགས་གསར་འཛུགས་དང་ལག་བསྟར་བྱས་ཚུལ། རྣམ་གྲངས་འགྱུར་བ་ཐོ་འགོད་བྱས་ཚུལ་དང་ཆོས་ལུགས་བྱེད་སྒོ་དང་ཕྱི་ལ་འཕྲད་པའི་བྱེད་སྒོའི་གནས་ཚུལ་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ལ། ཆོས་ལུགས་བྱེད་སྒོ་སྤེལ་སས་ཆོས་ལུགས་ལས་དོན་སྡེ་ཁག་གི་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་དགོས།    

7.ཆོས་ལུགས་བྱེད་སྒོ་ཆེ་གྲས་ཚོགས་སྤེལ་སྐབས་གཏན་འབེབས་གང་དག་བརྩི་སྲུང་བྱེད་དགོས།  

 《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》གི་དོན་ཚན་22བའི་གཏན་འབེབས་ལྟར། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་བརྒལ་ནས་ཆོས་ལུགས་བྱེད་སྒོ་སྤེལ་སའི་ཤོང་ཚད་རྒྱ་ཁྱོན་ལས་བརྒལ་བའི་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ས་ཕྱི་ལ་ཆོས་ལུགས་བྱེད་སྒོ་ཆེ་གྲས་སྤེལ་ན། གཙོ་འགན་འཁུར་བའི་ཆོས་ལུགས་ཚོགས་པ་དང་། དགོན་པ་ཆོས་ལུགས་ཁང་གིས་ཚོགས་པ་ཚོད་དཔག་ཉིན་ནས་ཉིན་༣༠སྔོན་དུ་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཚོགས་སའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱེད་དགོས། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཡར་ཞུ་འབྱོར་ཉིན་ནས་ཉིན་15ནང་ཆོག་མཆན་གནང་བའམ་ཡང་ན་ཆོག་མཆན་མི་གནང་བའི་ཐག་གཅོད་བྱེད་དགོས།

  ཆོས་ལུགས་བྱེད་སྒོ་ཆེ་གྲས་ཀྱིས་ཆོག་མཆན་བརྡ་ཐོའི་ཐོག་གསལ་འགོད་བྱས་པའི་རེ་འདུན་ལྟར་ཆོས་ལུགས་ཆོ་ག་སྒྲུབ་དགོས་ལ། སྲོལ་ཡིག་འདིའི་དོན་ཚན་༣པ་དང་དོན་ཚན་4པའི་འབྲེལ་ཡོད་གཏན་འབེབས་དང་འགལ་མི་ཆོག གཙོ་འགན་འཁུར་ནུས་ལྡན་བའི་ཆོས་ལུགས་ཚོགས་པ་དང་། དགོན་པ་ཆོས་ལུགས་ཁང་གིས་བྱེད་ཐབས་ནུས་ལྡན་སྤྱད་ནས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་བར་སྔོན་འགོག་བྱེད་དགོས། ཚོགས་པ་ཚོད་དཔག་ཉིན་ནས་ཉིན་30སྔོན་དུ་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཚོགས་སའི་ཡུལ་ཚོ། གྲོང་རྡལ་མི་དམངས་སྲིད་གཞུང་དང་རྫོང་རིམ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རང་ཉིད་ཀྱི་འགན་འཁྲི་ལྟར་དགོས་ངེས་ཀྱི་དོ་དམ་ལག་བསྟར་བྱས་ནས་ཆོས་ལུགས་བྱེད་སྒོ་ཆེ་གྲས་བདེ་བླག་དང་གོ་རིམ་ལྡན་པར་ཚོགས་པར་འགན་ལེན་བྱེད་པ། 

8.ཆོས་ལུགས་བྱེད་སྒོ་སྤེལ་ས་ལ་ས་འདིའི་བདེ་འཇགས་བརྟན་བརླིང་སྲུང་སྐྱོང་ཐད་ཀྱི་འགན་ཁུར་གང་དག་ཡོད། 

  《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིགགི་དོན་ཚན་23པའི་གཏན་འབེབས་ལྟར། ཆོས་ལུགས་བྱེད་སྒོ་སྤེལ་སས་རང་སར་དོན་རྐྱེན་ཚབས་ཆེན་བྱུང་བའམ་ཆོས་ལུགས་ཐད་ཀྱི་འཛེམ་བྱ་དང་འགལ་བ་སོགས་ཀྱི་ཆོས་དད་སྤྱི་དམངས་ཀྱི་ཆོས་ལུགས་བརྩེ་དུང་ལ་གནོད་འཚེ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པ། སྤྱི་ཚོགས་བརྟན་བརླིང་ལ་འགལ་རྐྱེན་བཟོ་བ་བཅས་ཀྱི་དོན་རྐྱེན་བྱུང་བར་སྔོན་འགོག་བྱེད་དགོས། 

  དོན་ཚན་གོང་མའི་ནང་དཔེར་འཇོག་པའི་དོན་རྐྱེན་དང་དོན་དག་བྱུང་སྐབས། ཆོས་ལུགས་བྱེད་སྒོ་སྤེལ་སས་དུས་ཐོག་ཏུ་གནས་ཡུལ་གྱི་རྫོང་རིམ་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཞུ་དགོས། 

 9.ཆོས་ལུགས་ལས་རིགས་མི་སྣས་ཆོས་ལུགས་ལས་དོན་བྱེད་སྒོ་སྒྲུབ་སྐབས། ངེས་པར་དུ་གོ་རིམ་གང་དག་ལག་བསྟར་བྱེད་དགོས།

  《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིགགི་དོན་ཚན་27པའི་གཏན་འབེབས་ལྟར། ཆོས་ལུགས་ལས་རིགས་མི་སྣ་ཆོས་ལུགས་ཚོགས་པས་ངོས་འཛིན་བརྒྱུད་ནས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་རྗེས་ཆོས་ལུགས་ལས་རིགས་བྱེད་སྒོ་སྒྲུབ་ཆོག

བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུས་གདན་རབས་རྗེས་འཛིན་བྱེད་པ་དེ་ཆོས་ལུགས་ཚོགས་པའི་ཁྲིད་སྟོན་འོག་ཏུ། ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་འབེབས་ལྟར་སྒྲུབ་ནས་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གམ་ཡང་ན་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་གནང་བར་ཞུ་བ། གནམ་བདག་ཆོས་ལུགས་ཀྱི་ཆོས་བདག་ནི་གནམ་བདག་ཆོས་ལུགས་ཀྱི་རྒྱལ་ཡོངས་ཅན་གྱི་ཆོས་ལུགས་ཚོགས་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་བ། 

10.ཆོས་ལུགས་བེད་སྤྱད་ནས་སྤྱི་པའི་བདེ་འཇགས་དང་སྤྱི་ཚོགས་སྒྲིག་རིམ་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་ཇི་ལྟར་ཆད་གཅོད་བྱེད་པ།

  《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིགགི་དོན་ཚན་40བའི་གཏན་འབེབས་ལྟར། ཆོས་ལུགས་བེད་སྤྱད་དེ་རྒྱལ་ཁབ་དང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་། དམངས་གཙོའི་དབང་ཆ་ལ་བཙན་གནོད་བྱེད་པ་དང་། སྤྱི་ཚོགས་དོ་དམ་སྒྲིག་རིམ་ལ་གནོད་པ་བྱེད་པ། གཞུང་སྒེར་རྒྱུ་ནོར་ལ་ཧམ་འཕྲོག་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་དག ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེན་འགན་བདའ་འདེད་བྱེད་པ་དང་། ཉེས་ཚད་མ་ལོན་པ་དག་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱེད་པ་དང་། སྤྱི་དམངས་དང་། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་གྱོང་གུན་ཆགས་པ་ན་ཁྲིམས་ལྟར་དམངས་དོན་འགན་འཁྲི་ཁུར་བ། 

ཆོས་ལུགས་བྱེད་སྒོ་ཆེ་གྲས་སྤེལ་རིམ་ཁྲོད་དུ་སྤྱི་པའི་བདེ་འཇགས་སམ་ཡང་ན་སྤྱི་ཚོགས་སྒྲིག་རིམ་གནས་ཚུལ་ལ་གཏོར་བརླག་ཚབས་ཆེན་བྱུང་ན་འབྲེལ་ཡོད་འདུ་འཛོམ་རྔམ་སྟོན་ཁྲོམ་སྐོར་ཐད་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལྟར་རང་ས་ནས་བཀོད་སྒྲིག་ཐག་གཅོད་བྱེད་པ་དང་། གཙོ་འགན་ཁུར་བའི་ཆོས་ལུགས་ཚོགས་པ་དང་དགོན་པ་ཆོས་ལུགས་ཁང་བཅས་ལ་འགན་ཁུར་ཡོད་ན་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་དེའི་ཐོ་འགོད་མེད་པར་བཟོ་བ། ཆོས་ལུགས་བྱེད་སྒོ་ཆེ་གྲས་རང་འདོད་སྒོས་ཚོགས་ན་ཆོས་ལུགས་ལས་དོན་སྡེ་ཁག་གིས་བྱེད་སྒོའི་མཚམས་འཇོག་ཏུ་འཇུག་པ་དང་། ཁྲིམས་འགལ་གྱི་ཡོང་འབབ་ཡོད་ན་གཞུང་བཞེས་གཏོང་ཞིང་། ད་དུང་ཁྲིམས་འགལ་གྱི་ཡོང་འབབ་ཀྱི་ལྡབ་༡ནས་ལྡབ༣ཡན་ཆད་ཀྱི་ཆད་པ་བཅད་ན་ཆོག དེའི་ནང་། ཆོས་ལུགས་བྱེད་སྒོ་ཆེ་གྲས་ནི་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་སས་རང་འདོད་དུ་ཚོགས་པ་ན། ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་སའི་ཐད་གར་འགན་འཁྲི་འཁུར་བའི་གཙོ་གཉེར་འགན་ཁུར་བ་མི་དགོས་པའམ་ཡང་ན་བརྗེ་ཆོག

11.ཆོས་ལུགས་ལས་དོན་བྱེད་སྒོའི་ཁྲོད། འབྲེལ་ཡོད་མི་སྣས་བཅའ་ཁྲིམས། ཁྲིམས་སྲོལ་དང་སྒྲིག་ལམ་བཅས་དང་འགལ་ན་ཇི་ལྟར་ཆད་གཅོད་བྱེད་པ། 

  《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག  གི་དོན་ཚན་༤༥བའི་གཏན་འབེབས་ལྟར། ཆོས་ལུགས་ལས་རིགས་མི་སྣས་ཆོས་ལུགས་ལས་དོན་བྱེད་སྒོའི་ཁྲོད་དུ་བཅའ་ཁྲིམས། ཁྲིམས་སྲོལ་དང་སྒྲིག་ལམ་བཅས་དང་འགལ་ན་ཁྲིམས་ལྟར་འབྲེལ་ཡོད་ཀྱི་བཅའ་ཁྲིམས་འགན་འཁྲི་བདའ་འདེད་བྱེད་པ་མ་ཟད། ཆོས་ལུགས་ལས་དོན་སྡེ་ཁག་གིས་འབྲེལ་ཡོད་ཀྱི་ཆོས་ལུགས་ཚོགས་པར་དེའི་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་མེད་པར་བྱེད་པའི་བསམ་འཆར་འདོན་པ། 

ཆོས་ལུགས་ལས་རིགས་མི་སྣ་རྫུན་མས་ཆོས་ལུགས་བྱེད་སྒོ་སྤེལ་ན་ཆོས་ལུགས་ལས་དོན་སྡེ་ཁག་གིས་མཚམས་འཇོག་ཏུ་འཇུག་པ་དང་། ཁྲིམས་འགལ་གྱི་ཡོང་འབབ་ཡོད་ན་གཞུང་བཞེས་གཏོང་བ་དང་། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཡོད་ན་ཁྲིམས་ལྟར་བདེ་འཇགས་དོ་དམ་ཐད་ཀྱི་ཆད་གཅོད་བྱེད་པ་དང་། ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་པ། 

12.དགོན་པའི་དོ་དམ་རྩ་འཛུགས་མི་སྣར་ཆ་རྐྱེན་གང་དག་འཛོམ་དགོས། 

བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པ་དོ་དམ་བྱེད་ཐབསཀྱི་དོན་ཚན་10པའི་གཏན་འབེབས་ལྟར། དགོན་པའི་དོ་དམ་རྩ་འཛུགས་མི་སྣར་གཤམ་གྱི་ཆ་རྐྱེན་དག་འཛོམ་དགོས་པ་སྟེ།

གཅིགརྩ་ཁྲིམས་ལ་བརྩི་བཀུར་བྱེད་ཅིང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་ལམ་བརྩི་སྲུང་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་བརྩི་བཀུར། མི་རིགས་ཁ་བྲལ་ལ་ངོ་རྒོལ། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་ལ་བརྩི་བཀུར་བཅས་བྱེད་པ། 

གཉིསགཤིས་སྤྱོད་བཟང་ཞིང་། ཆོད་དད་སྤྱི་དམངས་ཁྲོད་དུ་སྙན་གྲགས་ངེས་ཅན་ལྡན་པ། 

གསུམཅུང་ཙམ་ངར་བའི་རྩ་འཛུགས་སྙོམ་སྒྲིག་དང་དོ་དམ་བྱེད་ཤུགས་ལྡན་པ། 

13.དགོན་པའི་མི་གྲངས་ཇི་ལྟར་གཏན་ཁེལ་བྱས་ཡོད། 

  《བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་བྱ་ཐབསཀྱི་དོན་ཚན་16པའི་གཏན་འབེབས་ལྟར་ན། དགོན་པའི་མི་གྲངས་དགོན་པ་འདིའི་དོ་དམ་ཚན་ཆུང་གིས་དགོན་པ་ཡོད་སའི་ནང་བསྟན་མཐུན་ཚོགས་ལ་སྙན་ཞུ་འབུལ་བ་དང་། ད་དུང་དགོན་པ་འདི་ལ་བྱ་ཐབས་འདིའི་དོན་ཚན་15བས་གཏན་འབེབས་བྱས་པའི་བབ་མཐུན་གྱི་ནུས་པ་ཡོད་པའི་གསལ་བཤད་ཡི་གེ་སྤྲོད་དགོས། དགོན་པ་ཡོད་སའི་ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་ཏེ་ཆོག་མཆན་བཀོད་རྗེས། ས་དེ་གའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ལ་འབུལ་དགོས་ཤིང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ཀྱིས་རིམ་བཞིན་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ལ་འབུལ་ནས་སྙན་སེང་ཐོ་འགོད་བྱེད། 

14.དགོན་པའི་རྒྱུ་ནོར་དོ་དམ་སྐོར་ལ་གཏན་ཁེལ་གང་དག་བྱས་ཡོད། 

  《བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་བྱ་ཐབསཀྱི་དོན་ཚན་31པའི་གཏན་འབེབས་ལྟར་ན། དགོན་པའི་རྒྱུ་ནོར་དོ་དམ་བྱེད་དུས་ཆོས་ལུགས་ལས་དོན་སྲོལ་ཡིགདང་ཆོས་ལུགས་བྱ་འགུལ་སྤེལ་སའི་རྒྱུ་ནོར་ལྟ་སྐུལ་དོ་དམ་བྱ་ཐབསཚོད་ལྟ་བྱེད་པ)》བརྩི་སྲུང་བྱ་དགོས། 

དགོན་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རྒྱལ་ཁབ་ཕྱི་ནང་གི་ཚོགས་པ་དང་མི་སྒེར་གྱིས་ལེགས་སྐྱེས་སུ་འབུལ་བའི་རྒྱུ་ནོར་བླང་ཆོག་ལ། བླངས་པའི་རྒྱུ་ནོར་དེ་དགོན་པའི་ནོར་དོན་ནང་དུ་འཇོག་པ་དང་དོ་དམ་བྱས་ཏེ། དགོན་པ་འདིའི་དགོངས་དོན་དང་མཐུན་པའི་བྱ་འགུལ་སྤེལ་བར་སྤྱོད་དགོས། 

དགོན་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྤྱི་ཚོགས་སྤྱི་ཕན་གྱི་དགེ་བའི་ལས་དོན་འཛུགས་གཉེར་བྱས་ཆོག་ལ། ཕན་འབྲས་ཐོབ་པ་དག་དགོན་པའི་ནོར་དོན་ནང་དུ་བཞག་ནས་གཅིག་གྱུར་དོ་དམ་བྱས་ཏེ། དགོན་པ་འདིའི་དགོངས་དོན་དང་མཐུན་པའི་བྱ་འགུལ་སྤེལ་བར་སྤྱོད་དགོས། 

15.བྱ་སྤྱོད་གང་དག་ལ་སི་ཁྲོན་ཞིང་ཆེན་རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་ནས་བཅོས་སྒྱུར་བྱེད་པར་འཇུག 

  《སི་ཁྲོན་ཞིང་ཆེན་ཆོས་ལུགས་ལས་དོན་སྲོལ་ཡིག》གི་དོན་ཚན་༥༡པའི་གཏན་འབེབས་ལྟར་ན། སྲོལ་ཡིག་འདི་དང་འགལ་ནས་གཤམ་གྱི་བྱ་སྤྱོད་གྲས་གཅིག་ཡོད་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་ནས་བཅོས་སྒྱུར་བྱེད་པར་འཇུག 

(1)སྤྱི་དམངས་ལ་བཙན་སྐུལ་གྱིས་ཆོས་ལུགས་དད་མོས་བྱེད་པར་འཇུག་པའམ་ཡང་ན་ཆོས་ལུགས་དད་མོས་བྱེད་པར་མི་འཇུག་པ། ཆོས་ལུགས་དད་མོས་བྱེད་པའི་སྤྱི་དམངས་སམ་ཡང་ན་དད་མོས་མི་བྱེད་པའི་སྤྱི་དམངས་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་པ། 

(2)ཆོས་ལུགས་བྱ་འགུལ་སྤེལ་སའི་རྒྱུན་ལྡན་སྒྲིག་ལམ་ལ་བར་ཆད་གཏོང་བ་དང་། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་བྱེད་མི་སྣ་ཡིས་རྒྱུན་ལྡན་གྱི་སློབ་ཁྲིད་ལས་དོན་ལ་བར་ཆད་གཏོང་བ། 

(3)ཞིང་ཆེན་ཕྱི་རོལ་གྱི་ཆོས་ལུགས་ཆོས་ལུགས་ལས་བྱེད་མི་སྣ་རང་དགར་གྱིས་རང་ཞིང་དུ་ཡོང་ནས་ཆོས་ལུགས་བྱ་འགུལ་སྤེལ་བའམ་ཡང་ན་འགོ་འཛིན་བྱེད་པ། 

(4)ཆོས་ལུགས་བྱ་འགུལ་སྤེལ་སའི་ཕྱི་ནས་ཆོས་སྤེལ་བ། 

(5)ཆོས་ལུགས་ལས་བྱེད་མི་སྣ་མིན་པ་དང་ཆོས་ལུགས་འདིའི་གཏན་ཁེལ་དང་མི་མཐུན་པའི་མི་སྣ་གཞན་གྱིས་ཆོས་ལུགས་བྱ་འགུལ་འགོ་འཛིན་པ། 

(6)ཕྱི་རྒྱལ་གྱི་ཚོགས་པ་དང་མི་སྒེར་གྱིས་ཆོས་སྤེལ་བ་དང་ལེན་བྱེད་པ། 

16.ཆོས་ལུགས་ཚོགས་པ་མིན་པ་དང་ཆོས་ལུགས་བྱ་འགུལ་སྤེལ་སའི་ཚོགས་པ་མིན་པས་ཆོས་ལུགས་བྱ་འགུལ་སྤེལ་ཞིང་། ཆོས་ལུགས་རང་བཞིན་གྱི་ཞལ་འདེབས་འབུལ་ན། བཅའ་ཁྲིམས་ཀྱི་མཇུག་འབྲས་གང་དག་ཡོད། 

  《སི་ཁྲོན་ཞིང་ཆེན་ཆོས་ལུགས་ལས་དོན་སྲོལ་ཡིགགི་དོན་ཚན་42པའི་གཏན་འབེབས་ལྟར་ན། ཆོས་ལུགས་ཚོགས་པ་མིན་པ་དང་ཆོས་ལུགས་བྱ་འགུལ་སྤེལ་སའི་ཚོགས་པ་མིན་པས་ཆོས་ལུགས་བྱ་འགུལ་སྤེལ་ཞིང་། ཆོས་ལུགས་རང་བཞིན་གྱི་ཞལ་འདེབས་འབུལ་བ་དང་ལེན་བྱེད་ན། རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་ལས་ཁུངས་ཀྱིས་བྱ་འགུལ་མཚམས་འཇོག་པར་འཇུག་དགོས་ཤིང་། ཁྲིམས་དང་འགལ་བར་རྒྱུ་ནོར་གཞན་ཐོབ་ཡོད་ན། ཁྲིམས་དང་འགལ་ནས་ཐོབ་པའི་རྒྱུ་ནོར་གཞུང་བཞེས་སུ་གཏོང་། གནས་ཚུལ་ཚབས་ཆེ་ན། ད་དུང་ཁྲིམས་དང་འགལ་ནས་ཐོབ་པའི་རྒྱུ་ནོར་གྱི་ལྡབ་1གི་ཡན་ནས་ལྡབ་3མན་གྱི་དངུལ་ཆད་བཅད་ཆོག

17.བྱ་སྤྱོད་གང་དག་ལ་སི་ཁྲོན་ཞིང་ཆེན་གྱི་རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་གཏན་འགོག་བྱེད་པ་དང་། ཁྲིམས་དང་འགལ་ནས་ཐོབ་པའི་རྒྱུ་ནོར་གཞུང་བཞེས་སུ་གཏོང་ཞིང་འབྲེལ་ཡོད་ལས་ཁུངས་ཀྱི་ཐག་གཅོད་དང་ལེན་བྱེད་པར་འཇུག

  《སི་ཁྲོན་ཞིང་ཆེན་ཆོས་ལུགས་ལས་དོན་སྲོལ་ཡིགགི་དོན་ཚན་53པའི་གཏན་འབེབས་ལྟར་ན། གཤམ་གྱི་བྱ་སྤྱོད་གྲས་གཅིག་ཡོད་ན། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་གཏན་འགོག་བྱེད་པ་དང་། ཁྲིམས་དང་འགལ་ནས་ཐོབ་པའི་རྒྱུ་ནོར་གཞུང་བཞེས་སུ་གཏོང་ཞིང་འབྲེལ་ཡོད་ལས་ཁུངས་ཀྱི་ཐག་གཅོད་དང་ལེན་བྱེད་པར་འཇུག ཁྲིམས་དང་འགལ་བའི་ཁང་བ་དང་གསར་དུ་ལས་པའི་དངོས་པོ་ཡོད་ན། འཛུགས་སྐྲུན་གཙོ་གཉེར་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་ཐག་གཅོད་དགོས་ཤིང་། བདེ་སྲུང་དོ་དམ་དང་འགལ་བའི་བྱ་སྤྱོད་ཡོད་ན། སྤྱི་བདེ་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་བདེ་སྲུང་དོ་དམ་ཆད་པ་གཅོད་དེ། 

(1རང་དགར་གྱིས་ཆོས་ལུགས་སློབ་གྲྭ་འཛུགས་པ། 

(2རང་དགར་གྱིས་ཆོས་ལུགས་བྱ་འགུལ་སྤེལ་ས་སྐྲུན་པ། 

(3ཐོ་འགོད་བྱས་པའི་ཆོས་ལུགས་བྱ་འགུལ་སྤེལ་ས་མེད་པར་བཟོས་རུང་ད་དུང་ཆོས་ལུགས་བྱ་འགུལ་སྤེལ་བ།

18.དགོན་པའི་ཆོས་ལུགས་ལས་བྱེད་མི་སྣས་སློབ་ཁྲིད་ལས་དོན་བྱ་འགུལ་སྤེལ་ན་འགྲོ་ལུགས་གང་དག་ལག་བསྟར་བྱ་དགོས། 

  《བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་བྱ་ཐབསཀྱི་དོན་ཚན་༢༢པའི་གཏན་འབེབས་ལྟར་ན། དགོན་པའི་ཆོས་ལུགས་ལས་བྱེད་མི་སྣས་སློབ་ཁྲིད་ལས་དོན་བྱ་འགུལ་སྤེལ་ན་དགོན་པ་ཡོད་སའི་དོ་དམ་ཚན་ཆུང་དང་ས་དེ་གའི་ནང་བསྟན་མཐུན་ཚོགས་འཐད་དགོས་པ་མ་ཟད། ད་དུང་སྤེལ་ཡུལ་གྱི་ནང་བསྟན་མཐུན་ཚོགས་དང་དགོན་པའི་དོ་དམ་ཚན་ཆུང་འཐད་རྗེས། རང་ཉིད་གནས་སའི་ནང་བསྟན་མཐུན་ཚོགས་དང་སྤེལ་ཡུལ་གྱི་ནང་བསྟན་མཐུན་ཚོགས་གཉིས་ཀྱིས་རང་རང་བྱས་ནས་ས་དེ་གའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ལ་སྙན་ཞུ་འབུལ་ནས་སྙེན་སེང་ཐོ་འགོད་བྱ་དགོས། དེའི་ནང་ནས། རྫོང་གྲོང་ཁྱེར་དང་ས་ཁུལ། ཆུས།བརྒལ་ནས་སློབ་ཁྲིད་ལས་དོན་སྐོར་གྱི་བྱ་འགུལ་སྤེལ་ན། རེ་རེ་ཡིས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ལ་སྙན་ཞུ་འབུལ་ནས་སྙན་སེང་ཐོ་འགོད་བྱས་རྗེས། རང་ཉིད་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ཀྱིས་ས་གནས་དེའི་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ལ་སྙན་ཞུ་འབུལ་ནས་སྙན་སེང་ཐོ་འགོད་བྱས་རྗེས། རང་ཉིད་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ལ་སྙན་ཞུ་འབུལ་ནས་སྙན་སེང་ཐོ་འགོད་བྱ་དགོས། ཆུས་བཙུགས་པའི་གྲོང་ཁྱེར་ས་གནས་དང་ཁུལ། མིང་།གིས་སློབ་ཁྲིད་ལས་དོན་སྐོར་གྱི་བྱ་འགུལ་སྤེལ་ན། རེ་རེ་ཡིས་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ལ་སྙན་ཞུ་འབུལ་ནས་སྙན་སེང་ཐོ་འགོད་བྱས་རྗེས། རང་ཉིད་གནས་སའི་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ཀྱིས་ས་དེ་གའི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ལ་སྙན་ཞུ་འབུལ་ནས་སྙན་སེང་ཐོ་འགོད་བྱ་དགོས། ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་སྐྱོང་གྲོང་ཁྱེར་བརྒལ་ནས་སློབ་ཁྲིད་ལས་དོན་སྐོར་གྱི་བྱ་འགུལ་སྤེལ་ན། རེ་རེ་ཡིས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ལ་སྙན་ཞུ་འབུལ་ནས་སྙན་སེང་ཐོ་འགོད་བྱ་དགོས། 

19.དགོན་པས་ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་སྐྱོང་གྲོང་ཁྱེར་བརྒལ་ནས་དགོན་པ་འདིའི་ཤོང་ཚད་ལས་བརྒལ་བའི་ཆོས་ལུགས་བྱ་འགུལ་རྒྱ་ཆེན་པོ་སྤེལ་ན། བྱ་བ་གང་དག་ལ་མཉམ་འཇོག་བྱ་དགོས། 

  《བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་བྱ་ཐབསཀྱི་དོན་ཚན་༢༣པའི་གཏན་འབེབས་ལྟར་ན། དགོན་པས་ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་སྐྱོང་གྲོང་ཁྱེར་བཅས་བརྒལ་ནས་དགོན་པ་འདིའི་ཤོང་ཚད་ལས་བརྒལ་བའི་ཆོས་ལུགས་བྱ་འགུལ་རྒྱ་ཆེན་པོ་སྤེལ་བའམ། ཡང་ན་དགོན་པ་འདིའི་ཕྱི་ནས་ཆོས་ལུགས་བྱ་འགུལ་རྒྱ་ཆེན་པོ་སྤེལ་ན།ཆོས་ལུགས་ལས་དོན་སྲོལ་ཡིགལ་སོགས་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་བསྒྲུབ་དགོས། དགོན་པས་ཆུས་བཙུགས་པའི་གྲོང་ཁྱེར་ས་གནས་དང་ཁུལ། མིང་།དང་རྫོང་གྲོང་ཁྱེར་དང་ས་ཁུལ། ཆུས།བརྒལ་ནས་ཆོས་ལུགས་བྱ་འགུལ་རྒྱ་ཆེན་པོ་སྤེལ་ན། དེའི་དོ་དམ་བྱ་ཐབས་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ཁུལ་གྱིས་གཏན་འབེབས་བྱེད། 

20.དགོན་པའི་ཆོས་ལུགས་ལས་བྱེད་མི་སྣ་ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་བཅས་བརྒལ་ནས་ཆོས་སློབ་པར་འགྲོ་ན། ཆ་རྐྱེན་གང་དག་ཚང་དགོས་པ་དང་བརྒྱུད་རིམ་གང་དག་ལག་བསྟར་བྱ་དགོས། 

  《བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་བྱ་ཐབསཀྱི་དོན་ཚན་༢༩བའི་གཏན་འབེབས་ལྟར། དགོན་པའི་ཆོས་ལུགས་ལས་བྱེད་མི་སྣ་ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་བཅས་བརྒལ་ནས་ཆོས་སློབ་པར་འགྲོ་ན། བྱ་ཐབས་འདིའི་དོན་ཚན་27པས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་དགོས་ཤིང་། དོན་ཚན་28པས་གཏན་འབེབས་བྱས་པའི་བརྒྱུད་རིམ་ལག་བསྟར་བྱ་དགོས་པ་མ་ཟད། ད་དུང་རང་ཉིད་ཡོད་ས་དང་ཆོས་སློབ་པར་འགྲོ་བའི་འཛིན་གྲྭ་ཡོད་སའི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་རེ་རེར་སྙན་ཞུ་འབུལ་ནས་སྙན་སེང་ཐོ་འགོད་བྱ་དགོས། 

  《བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་བྱ་ཐབསཀྱི་དོན་ཚན་28པའི་གཏན་འབེབས་ལྟར་ན། དགོན་པའི་ཆོས་སློབ་འཛིན་གྲྭས་བསྡུས་པའི་སློབ་མར། གཤམ་གྱི་ཆ་རྐྱེན་དག་ཚང་དགོས་ཏེ། 1)ཕལ་ཆེར་ལོ་༡༨ཡན་ལོན་པ། 2)རྒྱལ་ཁབ་ལ་དགའ་ཞིང་ཆོས་ལུགས་ལ་དགའ་བ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་ལམ་བཅས་བརྩི་སྲུང་བྱེད་པ། 3)དགེ་ཚུལ་དང་དགེ་ཚུལ་མ་ཡན་གྱི་སྡོམ་པ་བླངས་ཡོད་པ། 

  《བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་བྱ་ཐབསཀྱི་དོན་ཚན་28པའི་གཏན་འབེབས་ལྟར་ན། ཆོས་སློབ་འཛིན་གྲྭ་འཛུགས་པའི་དགོན་པ་ཡིས་དགོན་པ་གཞན་གྱི་སློབ་ཁྲིད་ལས་བྱེད་མི་སྣ་བསྡུ་ལེན་བྱས་ནས་སློབ་སྦྱོང་བྱེད་ན། གཤམ་གྱི་བརྒྱུད་རིམ་དག་ལག་བསྟར་བྱ་དགོས་ཏེ། 1)རང་ཉིད་ཀྱིས་རང་ཡོད་སའི་དགོན་པའི་དོ་དམ་ཚན་ཆུང་ལ་ཡིག་ཐོག་གི་རེ་འདུན་ཞུ་དགོས། 2)དགོན་པའི་དོ་དམ་ཚན་ཆུང་འཐད་རྗེས་ས་དེ་གའི་ནང་བསྟན་མཐུན་ཚོགས་ལ་འབུལ་དགོས། 3)ནང་བསྟན་མཐུན་ཚོགས་ཀྱིས་ས་དེ་གའི་རྫོང་རིམ་པ་ཡན་ཆད་ཀྱཽ??་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ལ་འབུལ་ནས་སྙན་སེང་ཐོ་འགོད་བྱ་དགོས་ཤིང་། རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱ་དགོས་པ་མ་ཟད། ད་དུང་རེ་འདུན་ཞུ་མཁན་ཡོད་སའི་ཡུལ་གྲོང་མི་དམངས་སྲིད་གཞུང་སྲང་ལམ་དོན་བྱེད་ཁང་གི་བསམ་འཆར་བསྡུ་ལེན་བྱས་རྗེས། སྙན་སེང་ཐོ་འགོད་བྱེད་པར་བཏོན་པའི་བདེན་དཔང་ཡི་གེ་ལ་མོས་མཐུན་བྱུང་དགོས། 4)རེ་འདུན་ཞུ་མཁན་གྱིས་རང་ཡོད་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ཀྱིས་བཏོན་པའི་བདེན་དཔང་ཡི་གེ་ཁྱེར་ནས་ཆོས་སློབ་འཛིན་གྲྭ་བཙུགས་པའི་དགོན་པར་སོང་ནས་མིང་ཐོ་འགོད་དགོས། 5)ཆོས་སློབ་འཛིན་གྲྭ་བཙུགས་པའི་དགོན་པའི་དོ་དམ་ཚུན་ཆུང་གིས་གཅིག་གྱུར་གྱི་རྒྱུགས་གཞི་བཀོད་སྒྲིག་བྱེད་པ་དང། རྒྱུགས་འབྲས་ལྟར་བསྡུ་ལེན་འཆར་འགོད་མི་སྣའི་མིང་ཐོ་གཏན་ཁེལ་བྱ་དགོས། 6)དགོན་པའི་དོ་དམ་ཚན་ཆུང་གིས་བསྡུ་ལེན་མི་སྣའི་མིང་ཐོ་ས་དེ་གའི་ནང་བསྟན་མཐུན་ཚོགས་ལ་འབུལ་ནས་ཞིབ་བཤེར་འཐད་པ་བྱུང་རྗེས། ས་དེ་གའི་རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ལ་སྙན་སེང་ཐོ་འགོད་བྱེད་པར་འཇུག་དགོས། 7)རེ་འདུན་ཞུ་མཁན་ཡོད་སའི་དགོན་པའི་དོ་དམ་ཚན་ཆུང་གིས་ཆོས་སློབ་འཛིན་གྲྭ་བཙུགས་པའི་དགོན་པའི་དོ་དམ་ཚན་ཆུང་དང་ཆིངས་ཡིག་བྲིས་ནས་འབྲེལ་ཡོད་བྱ་བའི་སྒྲུབ་སྟངས་གཏན་ཁེལ་གསལ་བོ་བྱ་དགོས། 8)ཆོས་སློབ་འཛིན་གྲྭའི་སློབ་མའི་སློབ་ཡུན་ལོངས་རྗེས། མྱུར་དུ་རང་ཉིད་ཡོད་སའི་དགོན་པར་ཕྱིར་འགྲོ་དགོས། 

21.སྤྲུལ་སྐུ་ངོས་འཛིན་བྱེད་པར་ཆ་རྐྱེན་གང་དག་ཚང་དགོས་ཤིང་། གནས་ཚུལ་གང་དག་གི་འོག་ངོས་འཛིན་བྱེད་མི་ཆོག

  《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་དོ་དམ་བྱ་ཐབསཀྱི་དོན་ཚན་༣པའི་གཏན་འབེབས་ལྟར་ན། སྤྲུལ་སྐུ་ངོས་འཛིན་བྱེད་ན་གཤམ་གྱི་ཆ་རྐྱེན་དག་ཚང་དགོས་ཏེ། 1)ས་དེ་གའི་ཆོས་དད་མང་ཚོགས་མང་ཆེ་ཤོས་དང་དགོན་པའི་དོ་དམ་ཚན་ཆུང་གིས་ངོས་འཛིན་རེ་འདུན་ཞུས་པ། 2)ངོས་འཛིན་མ་ལག་བདེན་པ་ཡིན་ཞིང་གནའ་ནས་ད་བར་དུ་རྒྱུན་འཛིན་བྱས་ཡོད་པ། 3)སྤྲུལ་སྐུ་ངོས་འཛིན་བྱེད་པར་རེ་འདུན་ཞུ་བའི་དགོན་པ་བླ་སྤྲུལ་སྔོན་ཆད་གནས་སའི་དགོན་པ་དེ་ཡིན་དགོས་པ་མ་ཟད། ད་དུང་བཅའ་ཁྲིམས་ལྟར་ཐོ་འགོད་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་བྱ་འགུལ་སྤེལ་ས་ཡང་ཡིན་ལ། དེར་བླ་སྤྲུལ་གསོ་སྐྱོང་དང་བསྙེན་བཀུར་བྱེད་པའི་ནུས་པ་ལྡན་དགོས། 

  《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་དོ་དམ་བྱ་ཐབསཀྱི་དོན་ཚན་4བའི་གཏན་འབེབས་ལྟར་ན། སྤྲུལ་སྐུ་ངོས་འཛིན་རེ་ཞུ་བྱེད་པར་གཤམ་གྱི་གནས་ཚུལ་གྲས་གཅིག་ཡོད་ན། ངོས་འཛིན་བྱེད་མི་ཆོག་སྟེ། 1)བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་ལྟར་ངོས་འཛིན་བྱས་མི་ཆོག་པ། 2)ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གིས་ངོས་འཛིན་བྱེད་མི་ཆོག་པའི་བཀའ་གསལ་བསྒྲགས་བྱས་པ། 

22.སྤྲུལ་སྐུ་ངོས་འཛིན་རེ་ཞུ་བྱེད་ན་གོང་རིམ་གྱི་ཆོག་མཆན་འགྲོ་ལུགས་གང་འདྲ་བརྒྱུད་དགོས། 

  《བོད་བརྒྱུད་ནང་བསྟན་སྤྲུལ་སྐུ་ངོས་འཛིན་དོ་དམ་བྱ་ཐབསཀྱི་དོན་ཚན་4བའི་གཏན་འབེབས་ལྟར་ན། སྤྲུལ་སྐུ་ངོས་འཛིན་བྱེད་ན་ངེས་པར་དུ་གོང་རིམ་གྱི་ཆོག་མཆན་འགྲོ་ལུགས་བརྒྱུད་དགོས་ཤིང་། གོང་རིམ་གྱི་ཆོག་མཆན་རེ་ཞུ་བྱེད་པའི་བརྒྱུད་རིམ་ནི་གཤམ་གསལ་ལྟར་ཏེ། འཆར་འགོད་བླ་སྤྲུལ་སྔོན་ཆད་གནས་སའི་དགོན་པའི་དོ་དམ་ཚན་ཆུང་ངམ་ཡང་ན་ས་དེ་གའི་ནང་བསྟན་མཐུན་ཚོགས་ཀྱིས་རང་གནས་ཀྱི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ལ་ངོས་འཛིན་རེ་ཞུ་བྱེད་པ་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་བསམ་འཆར་བཏོན་རྗེས། མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ཀྱིས་རིམ་བཞིན་གོང་ལ་འབུལ་བ། ཞིང་ཆེན་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་ལས་ཁུངས་ཀྱིས་ཞིབ་བཤེར་ཆོག་མཆན་འགོད། དེའི་ནང་ནས། ནང་བསྟན་དར་སར་ཤུགས་རྐྱེན་ཅུང་ཙམ་ཆེན་པོ་ཡོད་པ་ཅན། ཞིང་ཆེན་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ལ་འབུལ་ནས་ཆོག་མཆན་འགོད་དགོས་ཤིང་། ཤུགས་རྐྱེན་གལ་ཆེན་ཡོད་པ་ཅན། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་འབུལ་ནས་ཆོག་མཆན་འགོད་དགོས། ཧ་ཅང་གལ་ཆེ་བའི་ཤུགས་རྐྱེན་ཡོད་པ་ཅན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་འབུལ་ནས་ཆོག་མཆན་འགོད་དགོས། སྤྲུལ་སྐུ་ངོས་འཛིན་རེ་ཞུ་ལ་ཞིབ་བཤེར་གཏན་འབེབས་དང་ཆོག་མཆན་འགོད་ན། དེ་དང་བསྟུན་པའི་ནང་བསྟན་མཐུན་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱ་དགོས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1