ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ནཱ་ཅི་པོའོ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-19


  སྤྱི་ཟླ་11པའི་ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལ་ནས་མ་ལེ་ཞི་ཡའི་ཙུང་ལི་ནཱ་ཅི་པོའོ་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ཀྲུངགོ་དང་མ་ལེ་ཞི་ཡ་གཉིས་ཀྱི་བར་ལ་རྒྱ་མཚོ་ཆེན་པོས་བཅད་ཡོད་ནའང་ཕན་ཚུན་ཡིད་ཆེས་དང་བརྩི་འཇོག་བྱེད་པའི་ཁྱིམ་མཚེས་མཛའ་འབྲེལ་རྒྱབ་ཁབ་ཡིན། ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་འབྲེལ་གཏིང་ཟབ་ཏུ་སྤེལ་བ་ནི་ཕྱོགས་གཉིས་ཀྱི་འབྱུང་འགྱུར་དང་རྩ་བའི་ཁེ་ཕན་དང་མཐུན། ཀྲུང་གོའི་ཕྱོགས་ནས་མ་ལེ་ཞི་ཡ་ཉེ་འགྲམ་གྱི་ཕྱི་འབྲེལ་གཙོ་བོར་བཟུང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་པ་དང་མ་ལེ་ཞི་ཡ་དང་མཉམ་དུ་རྒྱུན་ཆད་མེད་པར་ཀྲུང་གོ་དང་མ་ལེ་ཞི་ཡའི་ཕྱོགས་ཡོངས་འཐབ་ཇུས་མཛའ་འབྲེལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་དང་དངོས་དོན་མཉམ་འབྲེལ་གྱི་ཆུ་ཚད་མཐོར་འདེགས་སུ་གཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་དགོས། ཕྱོགས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་མཐུན་སྦྲེལ་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་དུས་རབས་ཉེར་གཅིག་པའི་རྒྱ་མཚོའི་སྟེང་གི་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་པ་དེ་འཕེལ་ལམ་གསར་བ་ཞིག་ཏུ་ངོས་འཛིན་བྱ་དགོས། དེ་མིན་ཀྲུང་གོ་དང་མ་ཞི་ཡའི་དངོས་དོན་མཉམ་འབྲེལ་ལ་སྟོབས་ཤུགས་གསར་པ་བསྣན་ཏེ་བཟོ་ཚོང་དང་མཉམ་སྦྲེལ་མཉམ་མཐུད། རྨང་གཞིའི་སྒྲིག་འགོད་སོགས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་དགོས། ཀྲུང་གོའི་ཕྱོགས་ནས་མུ་མཐུད་དུ་ནུས་པ་ཡོད་པའི་ཁེ་ལས་མ་ལེ་ཞི་ཡར་དངུལ་འཇོག་བྱེད་པར་མངག་ངེས། ད་ལོའི་ཨེ་ཤ་ཡའི་མནའ་འབྲེལ་ཀྲུའུ་ཞི་རྒྱལ་ཁབ་ཡིན་པའི་ཆ་ནས་མ་ལེ་ཞི་ཡའི་ཕྱོགས་ནས་ཀྲུང་གོ་དང་ཨེ་ཤ་ཡའི་མནའ་འབྲེལ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཛའ་འབྲེལ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་བཞག་པ་རེད།   ང་ཚོས་མ་ལེ་ཞི་ཡའི་ད་ལོར་ཨེ་ཤ་ཡའི་ཤར་ཁུལ་མཉམ་འབྲེལ་གྱི་དབུ་ཁྲིད་ཀྱི་མུ་འབྲེལ་མཐོ་རིམ་གྲོས་ཚོགས་ལེགས་པོ་བསྒྲུབ་པར་རྒྱབ་སྐྱོར་བྱ་ངེས་ཞེས་བསྟན།

  ནཱ་ཅི་པོའོ་ཡིས་ཞི་ཅིན་ཕིང་གིས་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བར་འདི་འདྲའི་གདེང་འཇོག་གནང་བ་ལས་མ་ལེ་ཞི་ཡ་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ལེགས་པོ་ཞིག་ཏུ་གནས་པ་མཚོན་ཐུབ། ཀྲུང་གོའི་ཕྱོགས་ཡོངས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་པ་ལས་མ་ལེ་ཞི་ཡ་དང་ཀྲུང་གོའི་མཉམ་འབྲེལ་ལ་གོ་སྐབས་མང་པོ་ཞིག་བསྐྲུན་པ་རེད། མ་ལེ་ཞི་ཡའི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་དངུལ་རྩ་དང་རྨང་གཞིའི་སྒྲིག་བཀོད། མཉམ་སྦྲེལ་མཉམ་མཐུད་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིར་རྒྱབ་སྐྱོར་བྱ་འདོད། ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་གྱི་ཀྲུའུ་ཞི་ཡིན་པའི་ཆ་ནས་མ་ལེ་ཞི་ཡའི་ཕྱོགས་ནས་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འཐབ་ཇུས་འབྲེལ་བ་འཕེལ་རྒྱས་སུ་གཏང་ངེས། དེ་མིན་ཕྱོགས་གཉིས་བར་གནས་པའི་གནད་དོན་གྱིས་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ཁྱབ་ཁོངས་ཡངས་པའི་མཉམ་འབྲེལ་ལ་ཤུགས་རྐྱེན་བཟོ་མི་སྲིད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1